གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ རེས་གཟའ་མིག་དམར། 

 

༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་འགྲོ་བཞིན་པའི་ཛ་དྲག་དུས་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་རྟེན་གཞི་བྱས་པའི་བྷིར་ཊི་ཤི་ཁོ་ལམ་བྷེ་ཡ་བོད་ཀྱི་རིག་གཞུང་ཚོགས་པ་ནས་ཁེ་ན་ཌའི་སྒོར་ ༦༠༠༠ ཐམ་པ་དང་། ཨོན་ཊེ་རིའོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཁེ་ན་ཌའི་སྒོར་ ༡༠༠༠ ཐམ་པ། ཨལ་བྷེར་ཏ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཁེ་ན་ཌའི་སྒོར་ ༡༠༠༠ ཐམ་པ་བཅས་ཁྱོན་བསྡོམས་ཨ་སྒོར་ ༥༨༡༡. ༤༦ ཐམ་པ་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ Canadian Alliance to End Homelessness   ཞེས་པར་ཞལ་འདེབས་ཕུལ་འདུག

དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ Canadian Alliance to End Homelessness ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་རི་ཅར་ Tim Ritcher ལགས་སུ་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ནང་བཙན་བྱོལ་བོད་མི་མང་དག་ཅིག་ཁེ་ན་ཌའི་ནང་གཞིས་སྤོས་བྱས་པ་ནས་བཟུང་ད་བར་བོད་མིའི་ཁྱིམ་ཚང་མང་དག་ཅིག་ཁེ་ན་ཌའི་མི་སེར་ཆགས་ཡོད། བོད་ཀྱི་ལོ་རྒྱུས་ནང་གཉན་འཕྲང་ཆེ་བའི་དུས་སྐབས་སུ་ཁེ་ན་ཌའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་གནང་བར་བོད་མིའི་སྒྲིག་འཛུགས་དང་ཁེ་ན་ཌའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། 

 ཁེ་ན་ཌའི་ནང་ལའང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་མང་ཁག་གཅིག་ལ་སྡོད་གནས་སོགས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས།  ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པས་ཞལ་འདེབས་ཕུལ་བ་ཞིག་ཡིན་འདུག་པ་བཅས། །

Share with your friends










Submit