གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།

 ༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་ཁྱབ་ཁོངས་ཨོབ་ལ་བྷ་རི་དང་ཇེ་གྷའུ་གཉིས་ལས་གཞན་སེར་སྐྱ་མི་མང་ཡོངས་ལ་ཁ་རས་བགོ་འགྲེམས་ཞུས་ཡོད་པ་དང་། ལས་ཁུངས་སུ་བཅར་མཁན་ཡོངས་ལ་ཚ་བ་བརྟག་དཔྱད་གནང་མུས། ས་གནས་གྲོང་སྡེ་ལས་ཁུངས་དང་དྭང་བླང་རུ་ཁག དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ། དགོན་སྡེ་ཁག་བཅས་ནས་སྐམ་ཟས་རིགས་བགོ་འགྲེམས་ཞུས་ཁོངས་ནས་ཀྲུ་ཀྲིང་ནས་ཡིན་པའི་ནང་མི་གཅིག་དང་། བལ་ཡུལ་ཇོར་པ་ཊ་ནས་ཡིན་པའི་རྒས་རྒོན་གཉིས་བཅས་ལ་སྐམ་ཟས་རིགས་ཐེངས་གཉིས་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད། དཔལ་ལྡན་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། འདི་གའི་ཁྱབ་ཁོངས་ཇ་ཡི་སྒང་འུར་གནས་སྡོད་གཞིས་མི་གཉིས་ལ་སྒོར་ ༥,༨༡༠ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད།

ད་ལྟའི་ཆར་ཕྱི་ཕྱོགས་ནས་ཕེབས་མཁན་མི་སུ་འདྲ་ཞིག་ཡིན་རུང་ས་གནས་སུ་འབྱོར་མ་ཐག་ཚ་བ་བརྟག་དཔྱད་དང་ཐོ་འགོད་ཀྱིས་ས་གནས་མངའ་གཞུང་གི་ Disha & Marwar Bhawan ཚོགས་བཀག་འགོག་དབྱེ་ཟུར་འཇོག་གཉིས་ནང་གཏོང་མུས་ཡིན་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་ swap test ཞུས་རྗེས་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ནང་བཞག་བཞིན་ཡོད། འདི་གའི་ཁྱབ་ཁོངས་གཞིས་མི་ལོ་ན་ ༦༥ ཡན་གསོལ་སྨན་བཞེས་འདོད་ཡོད་མཁན་རྣམས་ལ་ཀ་སྦུག ས་ལུ་གྷ་ར། ཇ་ཡི་སྒང་འུར་བཅས་ལ་ཡོད་པའི་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་དང་སྨན་པ་ལྷན་གོ་བསྡུར་གྱིས་ལུས་ཟུངས་གསོ་སྨན་ཁག་བགོ་འགྲེམས་ཞུ་མུས་ཡིན། དེ་བཞིན་འདི་གའི་རྒས་གསོ་ཁང་དང་འཇམ་དགོན་ཀོང་སྤྲུལ་རྒས་གསོ་ཁང་གི་རྒན་འཁོགས་རྣམས་ལ་གསོལ་སྨན་ཕུལ་ཟིན་བཅས། །