ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅། །འདི་ག་ནང་སྲིད་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་གསར་རྒྱག་བྱེད་བཞིན་པའི་མགྲོན་ཁང་དང་ཟ་ཁང་དེ་བཞིན་རང་རིགས་སྤྱི་སྒེར་གྱི་ཚོགས་པ་དང་མང་ཚོགས་ལ་གཉིས་སྨན་གཉིས་མོས་ཀྱི་ཆོད་གན་གྱི་ལམ་ནས་བོགས་གཏོང་ཞུ་རྒྱུ་དང་བོགས་ལེན་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༩ གོང་དུ་ཞུ་སྙན་ཕུལ་དགོས་པའི་གསལ་བསྒྲགས་སྔོན་སོང་ཡོད་ནའང་། ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ལྦུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུ་འགྲོ་བཞིན་པའི་རྐྱེན་གྱི་རིམས་ནད་སྔོན་འགོག་ཆེད་རྒྱ་གར་ནང་ཕྱིར་འགྲོ་སྐྱོད་མི་ཆོག་པའི་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན་གོང་གསལ་མགྲོན་ཁང་གསར་རྒྱག་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་ལྷག་འཕྲོས་ཁག་ཅིག་ཀྱང་མཇུག་བསྒྲིལ་མ་ཐུབ་པར་རང་བཞིན་གྱིས་མཚམས་འཇོག་བྱ་དགོས་བྱུང་ཡོད། དེ་ལྟར་ནའང་རྒྱ་གར་ནང་རིམས་ནད་སྔོན་འགོག་གི་གནས་སྟངས་ཇེ་བཟང་དུ་ཕྱིན་ཏེ་འཛུགས་སྐྲུན་གྱི་ལས་དོན་འགོ་འཛུགས་ཆོག་པའི་གནས་སྟངས་བྱུང་མ་ཐག་ཏུ་གོང་གསལ་ལས་དོན་འཕྲལ་དུ་འགོ་འཛུགས་ཀྱིས་སྔོན་ཚུད་ནས་ལས་རིམ་འོག་གྲབས་ཞུས་ཡོད་པ་བཞིན་འཛུགས་སྐྲུན་ལས་དོན་རྣམས་དུས་ཐུང་ནང་མཇུག་བསྒྲིལ་ཐུབ་ངེས་ལགས་ན། གཤམ་གསལ་མགྲོན་ཁང་དང་ཟ་ཁང་གི་ཆ་རྐྱེན་དང་མཐུན་རྐྱེན་ཁག་ལ་ཐུགས་མོས་མཆིས་རིགས་ཁོངས་ནས་མགྲོན་ཁང་དང་ཟ་ཁང་གཉིས་ཀའམ་ཡང་ན་གང་རུང་བོགས་ལེན་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་  ༣༠ འགྱངས་མེད་ནང་སྲིད་ལས་ཁུངས་ཀྱི་གཤམ་གསལ་ཁ་བྱང་ཐོག་ཞུ་སྙན་འབུལ་དགོས།

ཀ། མགྲོན་ཁང།

  • མགྲོན་ཁང་ཆགས་ཡུལ་ནི་གདན་ས་ཆེན་པོ་སེ་ར་ཆོས་སྒར་གྱི་ཉེ་འཁྲིས་སུ་གནས་པའི་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཆགས་ཡོད་ཅིང་། མགྲོན་ཁང་གི་བཟོ་བཀོད་ནི་དེང་དུས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་ཡོད་ལ། རྒྱུ་ཆའི་ཐད་ཚད་མཐོའི་སྤུས་ཚད་ལྡན་པའི་རྒྱུ་ཆ་བཀོལ་སྤྱོད་བྱས་ཡོད།
  • མགྲོན་ཁང་ནང་ཁང་མིག་ ༡༩ ཡོད་ཅིང་མགྲོན་ཁང་གི་དཀྱིལ་དབུས་སྒོ་རའི་མཐའ་སྐོར་ནང་ཉི་འོད་ཁྲ་ལྷམ་མེར་ཤར་ཏེ་ཉི་མའི་བཀྲག་མདངས་འཕྲོ་བཞིན་ཡོད།

མགྲོན་ཁང་གི་ཁང་མིག་བསྡོམས་ ༡༩ ཡོད་པ་ཞིབ་གནས་གཤམ་གསལ།

Category Room Qty Facilities Carpet area

A

Suit Room

2

1.  Bedroom with king size bed.

2.  Living room with kitchenette

3.  AC

4.  LCD

5.  Study table with chair

6.  Luggage rack

7.  Wardrobe

8.  Dressing table

9.  Balcony with outdoor sitting table chair

10.  All room have attached toilet with western W.C., wash basin & shower area

370 sft.

B

Standard room

17

1.  Bedroom with double bed size

2.  LCD

3.  Study table with chair

4.  Luggage rack

5.  Wardrobe

6.  Dressing table

7.  Balcony with outdoor sitting table chair

8.  All room have attached toilet with western W.C., wash basin & shower area

225 sft.

 

ཁ།    ཟ་ཁང།

ཟ་ཁང་ནང་དུ་སྐུ་མགྲོན་གྲངས་  ༢༤  དང་ཟ་ཁང་གི་སྒོ་རྭའི་བར་འཁྱམས་སུ་སྐུ་མགྲོན་ ༢༠ ཡི་ཤོང་ཚད་ཡོད་ཅིང་། ཐབ་ཚང་ནང་དེང་དུས་ཀྱི་བཟོ་བཀོད་དང་མཐུན་རྐྱེན་རང་སྒྲིག་ཡོད།

ག   མགྲོན་ཁང་གི་ཕྱི་ངོས་སུ་ཚད་ལྡན་གྱི་ཆེད་ལས་པའི་བཀོད་རིས་ལྟར་མོ་ཊ་དང་མིའི་འགྲོ་ལམ་ཚད་ལྡན་ཡོད་ཐོག སྤང་དང་མེ་ཏོག རྩེ་ཤིང། དེ་བཞིན་ཆར་ཆུ་གསོག་ཆེད་ཀྱི་ཆུ་རྫིང་དང་། ལུས་ སྦྱོང་དང་ངལ་གསོ་རྒྱག་ས་སོགས་ཡིད་དུ་འོང་བའི་ཕྱིའི་ཡུལ་ལྗོངས་ཀྱི་བཀོད་པ་བསྐྲུན་ཡོད།

ང་། དགོས་ངེས་ཀྱི་ཆ་རྐྱེན་ཁག་ནི།

༡། དང་བླང་དཔྱ་དངུལ་དུས་འབུལ་ཟིན་པས་ལག་དེབ་ཀྱི་ངོ་བཤུས།

༢། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོས་ལག་དེབ་དུས་འགྱངས་ཞུས་ཟིན་པའི་ངོ་བཤུས།

༣། བོགས་གཏོང་རྒྱན་ཁོངས་ཁྱིམ་ཚང་གཅིག་ནས་ནང་མི་གཅིག་མ་གཏོགས་འཛུལ་ཞུགས་མི་ཆོག

༤། བོགས་གཏོང་རྒྱན་ཐོབ་མཁན་ནས་ཉིན་དེ་རང་དུ་ལོ་གཅིག་གི་བོགས་གླའི་འབབ་གཏའ་འཇོག་བྱ་དགོས།

༥། བོགས་མའི་དུས་ཡུན་རིང་ནང་ཤུགས་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག

༦། ཞིབ་ཕྲའི་ཆ་རྐྱེན་གཞན་རྣམས་གཉིས་མོས་གན་ཡིག་གཞིར་བཟུང་རྩ་འཛིན་ལག་བསྟར་བྱ་རྒྱུ།

༧། བོགས་དངུལ་རྣམས་དངུལ་ཁང་གི་དངུལ་འཛིན་སྟེང་འབུལ་དགོས།

མགྲོན་ཁང་དང་ཟ་ཁང་གསར་རྒྱག་དང་གཡས་གཡོན་མཛེས་བཟོའི་ལས་གཞི་ཆ་ཚང་ད་ལྟའི་ཛ་དྲག་གནས་སྟངས་བཟང་དུ་ཕྱིན་ནས་ལས་དོན་འཕྲོ་སྐྱོང་བྱེད་རྒྱུའི་གོ་སྐབས་ནམ་ཤར་འཕྲལ་དུ་འགོ་བཙུགས་ཀྱིས་ཟླ་བ་གཅིག་ནང་ཚུད་ལ་མཇུག་བསྒྲིལ་གྱིས་དབུ་འབྱེད་མཛད་སྒོ་བསྒྲུབས་མ་ཐག་བོགས་གཏོང་ཞུ་རྒྱུ་ལགས་ན།  རིན་བསྡུར་ཚོང་བསྒྱུར་(Auction) གྱི་ཐོག་མའི་གོང་ཚད་ནི་མགྲོན་ཁང་དང་ཟ་ཁང་གཉིས་ཀར་ཟླ་རེར་སྒོར་འབུམ་ ༢་༢༠ ནས་འགོ་འཛུགས་ཞུ་རྒྱུ་དང་། དེ་ཡང་ལོ་ལྔ་བར་ཟླ་རེའི་བོགས་གླ་རང་འཇགས་གནས་རྒྱུ།  བོགས་ལེན་ཞུ་བློ་ཡོད་རིགས་ནས་དོ་བདག་རང་ཉིད་ཀྱི་ཞུ་སྙན་ནང་བོགས་རིན་འབུལ་འབབ་གསལ་འཁོད་ཐོག་འབྲེལ་གཏུག་བྱ་ཡུལ་གྱི་ཁ་བྱང་ཁ་གསལ་ཞིག་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་  ༣༠ འགྱངས་མེད་ཕུལ་འབྱོར་ཐུབ་པ་དགོས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ལ།།  

མགྲོན་ཁང་གི་ཕྱི་ནང་བཀོད་དབྱིབས་དང་མཐེུན་ཇི་ཡོད་པར་རིས་ཁག་གཤམ་གསལ་ལ་གཟིགས་རོགས།

ཁ་བྱང་།

Executive Secretary,

Department of Home – CTA

Gangchen Kyishong, Dharamshala – 176215

Distt. Kangra, Himachal Pradesh – India

Email: [email protected] /[email protected]

Phone: 01892-222412/222214