ཟླ་བ་ ༥ ཚེས ༥ ༢༠༢༠

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར། 

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ལོའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་ཁོངས་བོད་ཕྲུག་སློབ་མ་གྲངས་ ༡༠༥ ལ་སློབ་ཡོན་གསོལ་བསྩལ་གནང་གཏན་འཁེལ་བ་བཞིན། ཉེ་བའི་གཙུག་ལག་རབ་འབྱམས་པའམ་ལོ་གསུམ་ཡན་གྱི་ཌིབ་ལོ་མའི་སློབ་ཚན་ཆེད་སློབ་ཡོན་གྲངས་ ༡༠༠ དང་། གཙུག་ལག་རབ་འབྱམས་པའི་སློབ་ཚན་ཆེད་སློབ་ཡོན་གྲངས་ ༥ གསོལ་བསྩལ་གནང་རྒྱུ་ཡིན་འདུག་ན། སློབ་ཡོན་ཞུ་ཆེད་གཤམ་འཁོད་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ དང་། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་སྦྲེལ་ཐག་ཁ་བྱང་བརྒྱུད་འཚང་སྙན་འབུལ་ཟིན་པ་དགོས་རྒྱུ།

ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཡོན་སྙན་འབུལ་གྱི་སྦྲེལ་ཐག  

གཙུག་ལག་རབ་འབྱམས་སློབ་ཡོན་སྙན་འབུལ་གྱི་སྦྲེལ་ཐག

འགེངས་ཤོག་-ཀ་ཕབ་ལེན།

འགེངས་ཤོག་-ཁ་ཕབ་ལེན།

༡༽ གཤམ་གསལ་དགོས་ངེས་ཆ་རྐྱེན་གང་རུང་གཅིག་ངེས་པར་དུ་ཚང་དགོས། (“འགེངས་ཤོག་འགེངས་དགོས།)

ཀ   རྒྱུན་གཏན་སློབ་སྦྱོང་ལེགས་པོ་ཡོད་ལ་ཐོན་རྒྱུགས་སྐབས་བརྒྱ་ཆ་མཐོ་པོ་བླངས་མ་ཐུབ་པ། (སློབ་གྲྭ་ནས་འགེངས་དགོས།)

ཁ། སྤྱི་དོན་སེམས་ཁུར་དང་། ལྷག་བསམ། དྲང་བདེན། ཡ་རབས་སྤྱོད་བཟང་བཅས་ལྡན་པ།   (སློབ་གྲྭ་ནས་འགེངས་དགོས།)

ག། དྭ་ཕྲུག་དང་། ཕྱེད་དྭ་ཕྲུག དབུལ་ཕོངས་ཉམ་ཐག་ཅན་གྱི་ཁྱིམ་ཚང་གི་ཕྲུ་གུ་ཡིན་པ།(ས་གནས་འགོ་འཛིན་ནས་འགེངས་དགོས།)

༢༽    དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ། 

༢་༡།     “འགེངས་ཤོག་-ཀ” པ་དང་། “འགེངས་ཤོག་-ཁ་” པ་ཞིབ་བཀང་གིས་ངེས་འབུལ་དགོས།

༢་༢།    འཛིན་རིམ་བཅུ་པའི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།

༢་༣། གཙུག་ལག་རབ་འབྱམས་པའི་སློབ་ཚན་ཁོངས་སྙན་འབུལ་བ་ཡིན་ན་ཉེ་བའི་གཙུག་ལག་རབ་འབྱམས་སྐབས་ཏཱ་ལའི་བླ་མའི་དགེ་རྩ་ནས་སློབ་ཡོན་བཞེས་མཁན་ཞིག་ཡིན་དགོས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།

༢་༤།    སློབ་ཕྲུག་རྩེ་ཕུད་ཀྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།

 ༣།     ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག

༣་༡།    འཚང་སྙན་འབུལ་མི་གང་ཞིག་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་། ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ བར་གཙང་ཕུལ་ཟིན་པ་དགོས། གལ་ཏེ་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས་སུ་ཕྱིན་པ། ཁ་བྲལ་སོང་བའི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ཞིབ་ཕྲའི་གནས་ཚུལ་འགེངས་ཤོག་ནང་ཁ་གསལ་བཀང་དགོས།

༣་༢།    འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། བལ་ཡུལ་དང་། འབྲུག ཀ་རྡོར་སྒང་གསུམ་ས་ཁུལ་དུ་གནས་སྡོད་སྙན་འབུལ་བ་ཡིན་ན་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་རྒྱབ་གཉེར་འགེངས་ཤོག་པའི་ནང་ཁ་གསལ་བཀང་དགོས།

༣་༣།   ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་དམའ་མཐར་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན་ཤེས་རིག་ལས་ཁུངས་ནས་ས་གནས་འགོ་འཛིན་ལས་ཁུངས་སོ་སོར་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ ཉིན་གོ་སྒྲིག་ཞུ་གཏན་འཁེལ་བའི་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་འཕྲོད་པ་ཞིག་དགོས།

༣་༤།    ལས་རིགས་སློབ་སྦྱོང་གི་སློབ་ཡོན་འདི་ཁོངས་ཚུད་མེད།

འབྲེལ་གཏུག་ཞུ་ཡུལ།   

སངས་རྒྱས་ལྷ་སྒྲོན།

Scholarship Section

Department of Education, CTA

GangchenKyishong, Dharamsala -176215

District Kangra, Himachal Pradesh, India

Phone: +91.01892.226695, 222572, 222721

Email: [email protected], [email protected]

Website: www.sherig.org, www.lamton.org