ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ རེས་གཟའ་ཉི་མ། 

༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བ་བཞིན། དེའི་ལས་རིམ་གྱི་ཆ་ཤས་སུ་རང་རེའི་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་། ཉམས་མྱོང་བརྗེ་རེས་ཆེད་ཆེད་བརྗོད་རྩོམ་ཡིག་འབྲི་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། དེ་དག་ལས་རྩོམ་ཡིག་ལེགས་གྲས་སུམ་ཅུ་འདེམས་སྒྲུག་གིས་བོད་ཡིག་སློབ་སྦྱོང་དྲ་ཚིགས་སུ་འགོད་སྤེལ་ཞུ་རྒྱུ་དང་། བདམས་ཐོན་བྱུང་བ་རྣམས་ལ་རྩོམ་ཡོན་ཡང་འབུལ་རྒྱུ་ཡིན།

དུས་ཡུན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༠ ནས་ཟླ་ ༨ ཟླ་ ༢༠ བར་དུས་ཡུན་ཟླ་གསུམ་རིང་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

རྩོམ་ཡིག་འབྲི་སྐབས་གཤམ་གསལ་རྣམས་ལ་དོ་སྣང་གནང་དགོས།

༡། རྩོམ་ཡིག་བརྗོད་གཞི།

༡་༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ཇི་ལྟར་བྱེད་ཚུ།

ཡང་ན།

༡་༢ དགེ་རྒན་གྱི་ཁྱད་ལས་འབྲེལ་བ།

དཔེར་ན།

ཀ སློབ་ཁྲིད་ཐབས་ལམ།

ཁ། སློབ་ཚན་འཆར་འགོད། ༼ སྐད་ཡིག་དང་། ཚན་རྩིས་གང་ཡིན་ཡང་རུང་། ༽

ག འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

ང་། སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས་དང་ཞུ་དག་བྱེད་སྟངས།

ཅ། སློབ་ཕྲུག་ལ་རྩོམ་ཡིག་ཁྲིད་སྟོན་བྱེད་སྟངས།

ཆ། སློབ་ཕྲུག་གི་ཤེས་ཚད་འཇལ་ཐབས་སོགས།

༢། རྩོམ་ཡིག་འབྲི་སྐབས་གནད་དོན་གང་རུང་སྟེང་རང་ཉིད་ཀྱི་ཉམས་མྱོང་དངོས་དང་། ཐབས་ལམ་གསལ་འདོན་བྱེད་པ་ལས་གང་ཟག་དང་ལས་དོན་བྱེ་བྲག་པར་ཟུར་ཟ་དང་། སྐྱོན་བརྗོད། ཚིག་རྩུབ་སྨྲ་བ་སོགས་སྤོང་དགོས།

༣། རྩོམ་ལུས་ལྷུག་མ་དང་། ཡིག་འབྲུ་སུམ་སྟོང་ལས་མི་ཉུང་བ་ཞིག་དགོས།

༤། རྩོམ་ཡིག་གི་མཇུག་ཏུ་སློབ་གྲྭ་དང་དོ་བདག་གི་མཚན། གཞི་རིམ་གོང་འོག་བར་གསུམ་གང་གི་དགེ་རྒན་ཡིན་པ། རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས།

༥། རྩོམ་ཡིག་རྣམས་ཀམ་པུ་ཊར་ནང་འཇུག་སྒྲིག་གིས་གཤམ་འཁོད་གློག་འཕྲིན་ཁ་བྱང་སྟེང་བསྐུར་དགོས།

རྩོམ་ཡིག་སུམ་ཅུ་ཁོངས་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཡོང་བ་ཞུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ ཉིན།

རྩོམ་ཡིག་སྐུར་ཡུལ། [email protected]

འབྲེལ་གཏུགས་ཁ་པར། ༩༨༡༦༨༣༧༤༨༩