ཟླ་བ་ ༥ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར། 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས།   ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་གཉིས་ནས་གཞིས་གྲོང་ནང་སྐོར་བསྐྱོད་ཀྱིས་ད་བར་མི་གྲངས་ ༩༣༦ ལ་ཚ་བ་དང་། ཁྲག་ཤེད་བཅས་རྟག་དཔྱད་ཞུས་པ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་ཆེད་ཉེན་སྲུང་ཡོ་ཆས་ཁག་གསར་ཉོ་ཐུབ་པ་བྱུང་ཡོད། མངའ་གཞུང་རྫོང་སྨན་ཁང་ནས་ཁ་རས་གྲངས་ ༢༠༠ དང་། གདོང་འགེབས་ ༢༠ ལག་ཤུགས་ ༥༠༠ བཅས་རིན་མེད་ཐོག་མཐུན་འགྱུར་གནང་སོན་བྱུང། མངའ་གཞུང་རྫོང་གི་སྐོར་སྲུང་སྤྱི་ཁྱབ་ལ་འབོད་བསྐུལ་ཞུ་འབྲས་སུ། གཞིས་ཆགས་ཀྱི་ས་མཚམས་སུ་སྐོར་སྲུང་བ་གཉིས་ཆེད་གཏོང་ཞུས་ཡོད་པ་དང་། དེའི་ཕྱག་རོགས་སུ་དྭང་བླངས་ཚོགས་མི་གཉིས་བཅས་ནས་སྒོ་སྲུང་ལས་དོན་ཞུ་བཞིན་ཡོད། 

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར། འདི་གའི་གཞིིས་མི་དངོས་ཡོད་དཀའ་ངལ་ཅན་ཇི་ཡོད་གཞིས་གྲོང་སྤྱི་མི་རྣམས་ཚང་འཛོམས་ཀྱིས་དབུལ་ཕོངས་ཉམ་ཐག་མི་ཚང་བཅུ་ལ་ཟླ་གྲངས་གཅིག་འདང་ངེས་ཀྱི་སྐམ་ཟས་བགོས་འགྲེམས་ཞུས་པ་དང་།

ས་གནས་པདྨ་བཀོད་པ་སྐྱིག་སྡུག་ནས་ཀྱང་གཞིས་མི་ཉམ་ཐག་ཁྱིམ་ཚང་ཁ་ཤས་ལ་སྐམ་ཟས་ཕུལ་ཡོད། གཞན་ཡང་ས་གནས་སུ་ཚོགས་འགོག་དབྱེ་ཟུར་འཇོག་ཁང་ (Quarantine) གོ་སྒྲིག་འཐུས་གཙང་ཞུས་ཡོད་བཅས་ཀྱི་གནས་ཚུལ་དུ།