ཟླ་བ་ ༥ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས། ༄༅། །འདི་གར་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ས་གནས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཛ་དྲག་ལས་དོན་ཚོགས་ཆུང་ཟུར་འཛུགས་ཐོག་མི་མང་ནས་ཞལ་འདེབས་གནང་འབྱོར་བྱུང་བ་ཧིན་སྒོར་ ༥,༦༨,༥༢༥ དེ་དག་ཆ་བགོས་ཀྱིས་ཧིན་སྒོར་འབུམ་ ༡ ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩའི་མཚན་ཐོག་ཞལ་འདེབས་ཕུལ་ཡོད། 

དེ་བཞིན་ཧིན་སྒོར་ ༡,༧༧,༠༤༥ ས་གནས་འཕྲོད་བསྟེན་སྨན་ཁང་གི་ཛ་དྲག་དགོས་མཁོ་ཆེ་བའི་དབུགས་གསབ་ཡོ་ཆས་ Oxygen Concentrator གཅིག་གསར་ཉོ་ཐུབ་པ་དང་། གཞན་ཡང་ཉེ་འཁོར་རྒྱ་གར་ས་གནས་སྨན་ཁང་ཆུང་ཁག་གསུམ་ལ་ནད་ཡམས་སྔོན་འགོག་ཆེད་ཛ་དྲག་མཁོ་ཆས་རིགས་རིན་མེད་བགོ་འགྲེམས་ཞུས་ཡོད། ཁྱབ་ཁོངས་དགོན་སྡེ་ཁག་དང་སློབ་གྲྭ་བཅས་ལ་དུག་སེལ་སྨན་ཆུ་ Sodium Hydrochloride ཐེངས་གཉིས་གཏོར།

དེ་བཞིན་གྲོང་སྡེ་ཉེར་གཉིིས་ནང་གོང་གསལ་སྨན་ཆུ་ཁྱིམ་ཚང་སོ་སོར་དུས་ཐོག་གཏོར་ཐུབ་པ་བྱུང་ཡོད།  གོང་གསལ་ཞལ་འདེབས་ནས་ཧིན་སྒོར་ ༢,༩༡,༥༠༠ ཉེ་འཁོར་ཡུལ་མི་ཉམ་ཐག་རྣམས་ཀྱི་ཆེད་བཟའ་འབྲུ་ཐུམ་བུ་གྲངས་ ༧༦༧ དང་། ཐུམ་བུ་རེར་མ་གནས་ཧིན་སྒོར་ ༣༨༠ ཅན་དུས་ཐོག་སྦྱིན་གཏོང་ཞུས་ཐུབ་པ་བྱུང་ཡོད། 

ཕྱོགས་མཚུངས་ཨ་རིར་གནས་སྔོད་ Vietnamese ལྕམ་སྐུ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཧུན་སུར་རྫོང་དཀར་ཆོས་སྡེ་གྲ་ཚང་བརྒྱུད་ཨ་སྒོར་ ༡༠,༠༠༠ ༼ ཧིན་སྒོར་ ༧,༦༥,༧༦༤ ༽ གནང་ཡོད།  འཕྲོས་ཉེ་འཁྲིས་ས་གནས་ཡུལ་མི་ཉམ་ཐག་ཚོར་བཟའ་འབྲུ་ཐུམ་གྲངས་ ༡༠༠༠ མཁོ་སྤྲོད་ཞུས་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༩ ཉིན་ཁྱབ་ཁོངས་ཆེས་ཉམ་ཐག་ཁྱིམ་ཚང་གྲངས་ ༥༨ ལ་བཟའ་འབྲུ་ཐུམ་གྲངས་རེེར་མ་གནས་ཧིན་སྒོར་ ༢༠༠༠ ཅན་གྲངས་ ༥༨ བསྡོམས་པའི་ཧིན་སྒོར་ ༡,༢༠,༠༠༠ བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་འོག་ཁ་རས་གསར་ཉོ་ཆེད་ཧིན་སྒོར་ ༣༡,༦༧༠ གནང་སོན་ཐོག་ཧོན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ཧིན་སྒོར་ ༣༠,༠༠༠ དང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་སྐུ་སྒེར་ནས་ཧིན་སྒོར་ ༡༠,༠༠༠ བཅས་ཁྱོན་ཧིན་སྒོར་ ༧༡,༦༧༠ མ་གནས་ཀྱི་ཁ་རས་གཞིས་ཆགས་ཀྱི་འཚེམ་བཟོ་བ་དྭང་བླངས་མི་གྲངས་བཅུའི་འགན་ཁུར་ཐོག་འཚེམ་བཞིན་ཡོད།

ཕྱོགས་མཚུངསཤི་ལོ་ས་གནས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠  ཟླ་ ༥ ཚེས་ ༡ ཉིན་སྨན་པ་མཱ་ནོཇ་ Dr. Manoj (District Medical and Health Officer) ལགས་དང་། སྨན་པ་རོ་བྷ་ཌི་ Dr. Robert Marak (District surveillance officer) ལགས་རྣམ་གཉིས་དང་དངོས་སུ་འབྲེལ་གཏུགས་ཞུས་ཏེ་ས་གནས་སུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཛ་དྲག་དཀའ་ངལ་རོགས་སྐྱོར་ཞུས་འབྲས་སུ། རོགས་སྐྱོར་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པའི་ཞལ་བཞེས་ཐོབ་ཡོད་པ་དང་།

ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༠༦ ཉིན་ས་གནས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་ལྷན་འཛོམས་ཐོག་གོ་བསྡུར་གྱིས་རྒྱ་གར་གཞུང་གི་ཐེམ་སྤང་བཀའ་རྒྱ་བསྡམས་པའི་རྐྱེན་གྱིས་ཁྱབ་ཁོངས་དཀའ་ངལ་ཅན་ཁྱིམ་ཚང་ ༦ ལ་ཧིན་སྒོར་ ༧༠༠༠ འབབ་ཀྱི་བཟའ་འབྲུ་མཁོ་སྒྲུབ་ཞུས་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་དཀའ་ངལ་ཅན་རྣམས་ལ་བཟའ་འབྲུའི་རོགས་སྐྱོར་ཞུ་འཆར་ཡོད།

གཞན་ཡང་ཤི་ལོང་བོད་དགོན་ནས་ཁྱིམ་ཚང་དཀའ་ངལ་ཅན་གྲངས་ ༤ ལ་ཧིན་སྒོར་ ༡༡༠༠༠ འབབ་བཟའ་འབྲུ་མཐུན་འགྱུར་ཞུས་ཡོད། ཨ་སམ་མངའ་སྡེའི་གྲོང་ཁྱེར་ Guwahati  ནས་བུ་མོ་བསྟན་འཛིན་སྨིན་སྐྱིད་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༠༧ ཉིན་འདི་གའི་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་ཕྱིར་འཁོར་བ་དང་། ཤི་ལོང་ས་མཚམས་ཁག་གཉིས་སུ་ཁོང་མོའི་འཕྲོད་བསྟེན་བརྟག་དཔྱད་ཀྱིས་ནད་རྟགས་གང་ཡང་ཐོན་མེད་སྟབས།

མངའ་སྡེ་གཞུང་གི་ལམ་སྟོན་བཞིན་རང་ཁྱིམ་དུ་ཟུར་བཀག་བཞག་ཡོད། ཤེས་རིག་ལས་ཁུངས་ནས་འདི་གའི་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་བཀྲ་ཤིས་དབང་འདུས་ལགས་ལ་ཧིན་སྒོར་ ༢༠༠༠ དང་། བསྟན་འཛིན་ཆུང་བདག་ལགས་ལ་ཧིན་སྒོར་ ༥༠༠༠ བཅས་བགོ་འགྲེམས་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་ཉེ་འཁོར་ཁོར་ཡུག་བཅས་སུ་དུག་སེལ་ཉིན་གཉིས་རེའི་མཚམས་གཏོར་བཞིན་ཡོད། རྒྱ་གར་དབུས་གཞུང་དང་། འབྲེལ་ཡོད་རྫོང་དཔོན་ལས་ཁུངས། བོད་མིའི་སྒྲིག་འཛུགས་བཅས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་ཕེབས་པ་ཁག་མི་མང་གི་ Whatsapp group དང་ལས་དོན་ཚོགས་ཆུང་ Whatsapp group བརྒྱུད་སློབ་གསོའི་ལམ་སྟོན་ཕུལ་དང་འབུལ་མུས་ཡིན།

ཤི་ལོང་།

གཞིས་ཆགས་གཞན་ལྟར་རང་བདག་གི་ས་ཁང་མེད་རྐྱེན་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་ཆེད་འཛུགས་དཀའ་ཡང་།  ཛ་དྲག་ལས་དོན་ཚོགས་ཆུང་དང་གོ་བསྡུར་གྱིས་སཾ་བྷོ་ཊ་སློབ་གྲྭའི་ཉལ་ཁང་ Dormitory སྟོང་པ་གཅིག་ཆེད་མངགས་ཟུར་འཇོག་གོ་སྒྲིག་ཞུས་ཡོད། ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་ཁག་མཁོ་སྒྲུབ་ཀྱིས་བཀོལ་སྤྱོད་བྱེད་མུས་ཡིན་པ་བཅས།།

ཤི་ལོང་།

ཤི་ལོང་།

ཤི་ལོང་།

ཤི་ལོང་།

 

Share with your friends










Submit