ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར། 

 ༄༅། །བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༢༠ ལོ་འདི་བཞིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། འདི་ག་ཤེས་རིག་ལས་ཁུངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་མཚོན་སླད། གཤམ་གསལ་སློབ་ཚན་གང་རུང་ཐོག་འབུམ་རམས་པ་གནང་འདོད་ཡོད་རིགས་སློབ་མ་གཉིས་ལ་ལོ་གསུམ་རིང་ལོ་རེར་སློབ་ཡོན་མཐོ་ཚད་ཧིན་སྒོར་ ༧༥༠༠༠།༠༠ ཐམ་པའི་སློབ་ཡོན་གནང་རྒྱུ་ཡིན་ན། དོན་གཉེར་ཅན་རྣམས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་འཁོད་དྲ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།

སྦྲེལ་ཐག་ Online Application

 ༡།       ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི།

         Four Principle Commitment of His Holiness the Dalai Lama

༢།      གཱནྡྷཱིའི་ལྟ་གྲུབ།

         Gandhian Philosophy

༣།      རྩོད་རྙོག་འདུམ་སྒྲིག

         Conflict Resolution

༤།      འཚེ་མེད་ཞི་བའི་ལྟ་གྲུབ།

         Philosophy of Non-Violence

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       འཚང་སྙན་འབུལ་མི་རྣམས་བོད་མི་ཡིན་པའི་ཐོག་དོ་བདག་དང་། ཕ་མའི་དཔྱ་དངུལ་ལག་དེབ་འབུལ་འབབ་ ༢༠༡༩ བར་གཙང་འབུལ་ཟིན་པ་དང་། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་ཞིག་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་  འགེངས་ཤོག ཀ པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢།      འཚང་སྙན་འབུལ་མི་རྣམས་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་ཞིག་དགོས་པ་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱགས་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།

༣།      འཚང་སྙན་འབུལ་མི་རྣམས་ནས་གཙུག་ལག་སློབ་གཉེར་ཁང་གང་རུང་ཞིག་དུ་སློབ་འཇུག་ཟིན་པའི་ངོས་སྦྱོར་ཡི་གེ་ངེས་འབུལ་དགོས།

འགེངས་ཤོག ཀ

འབྲེལ་གཏུགས་བྱ་ཡུལ།

བསོད་ནམས་བཟང་མོ།           [email protected]

བློ་བཟང་དར་རྒྱས།               [email protected]          

Department of Education, CTA

Gangchen Kyishong

Dharamsala – 176 215

Dist. Kangra, Himachal Pradesh, India

Ph: 01892 – 226695, 222572, 222721

Website: www.sherig.org/www.lamton.org                                                        

Share with your friends










Submit