ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།

དམིགས་ཡུལ། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སློབ་གྲྭ་སྒོ་བརྒྱབ་སྟེ་དེང་སྐབས་སློབ་མ་རྣམས་རང་ཁྱིམ་དུ་གནས་སྡོད་བྱེད་རིང་། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་། ཉིན་རེའི་བྱེད་སྒོར་སྟངས་འཛིན་ཡོད་པ། སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་ལ་སྨན་པ། གཅིག་གྱུར་གྱི་ནང་སྦྱོང་དང་ལྟ་རྟོག་ཡོང་རྒྱུ་བཅས་ཀྱི་ཆེད་དུ་རྩོམ་འབྲི་དང་དཔེ་ཀློག་གི་བྱ་འགུལ་འདི་གོ་སྒྲིག་ཞུས་པ་ཡིན།  

དུས་ཡུན། ཕྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༨ ནས་ཟླ་ ༥ ཚེས་ ༨ བར།

ཀ) འབྲི་རྩོམ།

འཛིན་རིམ་དང་པོ། ཉུང་མཐར་ཚིག་གྲུབ་ ༡༠

བརྗོད་བྱའི་དཔེ་མཚོན། སོ་སོའི་སྐོར། ནང་མིའི་སྐོར། གྲོགས་པོའི་སྐོར། ཁོར་ཡུག་སྐོར་སོགས།

འཛིན་རིམ་གཉིས་པ། ཉུང་མཐར་ཚིག་གྲུབ་ ༡༥

དཔེ་མཚོན། སོ་སོའི་སྐོར། ནང་གི་སྐོར། གལ་ཆེའི་གནས་ཚུལ་སྐོར། ཁོར་ཡུག་སྐོར་སོགས།

འཛིན་རིམ་གསུམ་པ། ཉུང་མཐར་ཡིག་འབྲུ་ ༡༥༠ 

དཔེ་མཚོན། གལ་ཆེའི་གནས་ཚུལ་སྐོར། ཉིན་ཐོ། མཚར་གཏམ། སྒྲུང་ཐུང་སོགས། 

འཛིན་རིམ་བཞི་པ། ཉུང་མཐར་ཡིག་འབྲུ་ ༢༠༠

དཔེ་མཚོན། གལ་ཆེའི་གནས་ཚུལ་སྐོར། ཉིན་ཐོ། མཚར་གཏམ། སྒྲུང་ཐུང་སོགས། 

འཛིན་རིམ་ལྔ་པ། ཉུང་མཐར་ཡིག་འབྲུ་ ༢༥༠

དཔེ་མཚོན། གལ་ཆེའི་གནས་ཚུལ་སྐོར། མཚར་གཏམ། གཏོང་ཡིག སྒྲུང་སོགས། 

འཛིན་རིམ་དྲུག་པ། ཉུང་མཐར་ཡིག་འབྲུ་ ༣༠༠ ཡང་ན། ཚིགས་བཅད་ཤོ་ལོ་ཀ་དྲུག་ལས་མ་ཉུང་བ།

དཔེ་མཚོན། རང་གི་ཚོར་སྣང།  གཞས་ཚིག སྙན་རྩོམ་སྣ་ཚོགས། སྒྲུང་རྩོམ། ཕུགས་བསམ་སྐོར་སོགས།

འཛིན་རིམ་བདུན་པ། ཉུང་མཐར་ཡིག་འབྲུ་ ༣༥༠ ཡང་ན། ཚིགས་བཅད་ཤོ་ལོ་ཀ་དྲུག་ལས་མ་ཉུང་བ།

དཔེ་མཚོན། བྱ་བ་དང་། དངོས་པོ། སྲོག་ཆགས་བཅས་ཀྱི་འགྲེལ་བརྗོད། སྙན་རྩོམ། སྒྲུང་རྩོམ། སྒྲུང་བོད་སྒྱུར་སོགས།

འཛིན་རིམ་བརྒྱད་པ། ཉུང་མཐར་ཡིག་འབྲུ་ ༤༠༠ ཡང་ན། ཚིགས་བཅད་ཤོ་ལོ་ཀ་བརྒྱད་ལས་མ་ཉུང་བ།

དཔེ་མཚོན། བྱ་བ་དང་། དངོས་པོ། སྲོག་ཆགས་བཅས་ཀྱི་འགྲེལ་བརྗོད། སྙན་རྩོམ། སྒྲུང་། སྒྲུང་བོད་སྒྱུར་སོགས།

ཁ) དཔེ་ཀློག

ཆ་རྐྱེན། སློབ་གྲྭ་སྒོ་རྒྱག་པའི་དུས་སྐབས་ནང་རང་ཉིད་ཀྱིས་བཀླགས་པའི་དཔེ་དེབ་ཀྱི་མིང་དང་། ཤོག་གྲངས། རྩོམ་པ་པོ། དཔེ་དེབ་ཀྱི་ནང་དོན་མདོར་བསྡུས་བཅས་གསལ་པོར་འབྲི་དགོས། དཔེ་གཟུགས་ཡོད་པ་རྣམས་ནས་དཔེ་གཟུགས་དང་། དེ་མིན་བོད་ཡིག་སློབ་སྦྱོང་དྲ་ཚིགས་ www.bodyiglobjong.com སོགས་ནས་དཔེ་ཀློག་གནང་ཆོག 

གཟེངས་རྟགས།

༡། འཛིན་རིམ་རེ་ནས་རྩོམ་ཡིག་རྩེ་ཕུད་ལྔ་རེར་གཟེངས་རྟགས་དང་ཕྱག་ཁྱེར་འབུལ་རྒྱུ།

༢། འཛིན་རིམ་རེ་ནས་རྩོམ་ཡིག་མང་ཤོས་འབྲི་མཁན་རེ་ལ་གཟེངས་རྟགས་དང་ཕྱག་ཁྱེར་འབུལ་རྒྱུ།

༣། རྩོམ་ཡིག་ ༡༠ ལྷག་འབྲི་མཁན་སློབ་མ་ཡོངས་ལ་ཕྱག་ཁྱེར་འབུལ་རྒྱུ། 

༤། རྩོམ་ཡིག་ལེགས་གྲས་རྣམས་ཕ་ཡུལ་ཤེས་བྱའི་བང་མཛོད་ཐོག་རིམ་བཞིན་འདོན་སྤེལ་ཞུ་རྒྱུ།

༥། དཔེ་དེབ་བཀླགས་པའི་ཁ་གྲངས་དང་། ཤོག་གྲངས། ནང་དོན་མདོར་བསྡུས་འགོད་སྟངས་སོགས་ལ་གཞིགས་ཏེ། འཛིན་རིམ་རེ་ནས་ཀློག་མཁན་རྩེ་ཕུད་ལྔ་རེར་གཟེངས་རྟགས་དང་ཕྱག་ཁྱེར་འབུལ་རྒྱུ།

རྩོམ་ཡིག་དང་དཔེ་ཀློག་དྲན་ཐོ་བསྐུར་ཡུལ།

དྷ་ས་བོད་ཁྱིམ་རྒྱུས་སྟོན་པ་རྒན་མིང་ཆུང་ལགས།   [email protected] / 8353030227

སཾ་བྷོ་ཊའི་རྒྱུས་སྟོན་པ་རྒན་པ་སངས་ཚེ་རིང་ལགས། [email protected] / 9882570971

རཱཇ་པུར་བོད་དགེ་བཟང་པོ་ལགས། [email protected] / 9760995576

གསལ་བཤད།

༡། སློབ་མ་རྣམས་ཀྱིས་རྩོམ་ཡིག་དང་དཔེ་ཀློག་དྲན་ཐོའི་ཐོག་རང་མིང་དང་། འཛིན་རིམ། སློབ་གྲྭ་བཅས་ཁ་གསལ་འགོད་དགོས།

༢། རྩོམ་ཡིག་དང་དཔེ་ཀློག་དྲན་ཐོ་རྣམས་ཁྱབ་ཁོངས་སློབ་གྲྭ་སོ་སོའི་བོད་ཡིག་དགེ་རྒན་གྱིས་བསྡུ་རུབ་གནང་སྟེ་རྒྱུས་སྟོན་པ་བརྒྱུད་བསྐུར་རྒྱུ། 

༣། ཕ་མ་དང་སྤུན་མཆེད་རྣམས་ནས་ཕྲུ་གུར་རོགས་རམ་དང་སྐུལ་འདེད་གང་ཐུབ་གནང་རོགས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ ལ། 

 

Share with your friends










Submit