གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།

༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་སྐབས་འདིར། རང་རེ་བོད་མིའི་སྤྱི་ཚོགས་འཁྲོད་ནད་ཡམས་དེ་བཞིན་ཁྱབ་གདལ་དུ་མི་འབྱུང་སླད། སྔོན་ཚུད་ནས་འགོག་ཐབས་དང་། གྲ་སྒྲིག་ཨང་སར་དགོས་རྒྱུའི་དཔལ་ལྡན་བཀའ་ཤག་དང་། ནང་སྲིད། ལྷག་པར་འཕྲོད་བསྟེན་ལས་ཁུངས་བཅས་ནས་ལམ་སྟོན་རིམ་པས་ཕེབས་གསལ་ལྟར། འདི་ག་སིམ་ལ་ས་གནས་ནས་སྨན་ཞབས་ཐོན་ཟིན་པའི་བུད་མེད་བཀྲ་ཤིས་ནོར་འཛོམས་ལགས་དང་། སྐལ་བཟང་དབང་མོ་ལགས། ཚེ་དབང་ལྷ་མོ་ལགས། བཀྲ་ཤིས་དབྱངས་ཅན་ལགས་བཅས་ནས་རང་གཞུང་དང་སྤྱི་ཚོགས་ཆེད་དྭང་བླངས་ཞུ་རྒྱུའི་ཁས་ལེན་ཞུ་དོན། ཁོང་མོ་བཞིའི་སྙིང་སྟོབས་དང་། སྤྱི་ཚོགས་ཞབས་ཞུའི་འདུན་པར་སིམ་ལ་སྤྱི་ཁྱབ་ནས་མིང་མང་ཡོང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། །