གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ། 

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་སོང་བའི་དབང་གིས། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་ཡོད། དུས་ཡུན་འདིའི་རིང་སློབ་མ་རྣམས་ཀྱིས་རང་ཁྱིམ་དུ་འཕྲོད་བསྟེན་ལ་དོ་སྣང་ཆེར་བསྐྱེད་གནང་དགོས་པ་དང་སྦྲགས། དུས་ཚོད་སྟོང་པའི་སྐབས་དཔེ་དེབ་ཀློག་པ་དང་། ཤེས་རིག་ལས་ཁུངས་ཀྱི་

བོད་ཡིག་སློབ་སྦྱོང་དྲ་ཚིགས་དང་ https://bodyiglobjong.com/teaching/

ཡུ་ཊུབ་དྲ་བརྙན་བརྒྱུད་ https://www.youtube.com/user/sherigCTA/videos

བོད་ཡིག་དང་། ཨང་རྩིས། ཚན་རིག་སོགས་ཀྱི་བརྙན་ཕབ་སློབ་ཁྲིད་ལ་གཟིགས་གནང་ཡོང་བ་ཞུ་རྒྱུ་དང་། རྒྱ་ཆེའི་ཁྱིམ་བདག་རྣམ་པས་ཀྱང་རང་དོན་རང་གཅེས་ཀྱི་ཕྲུ་གུའི་དུས་ཚོད་འཕྲོ་བརླགས་མི་འགྲོ་བའི་ཆེད་གོང་གསལ་རྒྱུ་ཆ་ཁག་བེད་སྤྱོད་གནད་སྨིན་གཏོང་གནང་ཡོང་བའི་འབོད་སྐུལ་དུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ ལ། །

བོད་ཡིག་སློབ་སྦྱོང་དྲ་ཚིགས།

ཡུ་ཊུབ་དྲ་བརྙན་བརྒྱུད།