གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ། 

༄༅། །དེང་སྐབས་རྒྱ་གར་གྱིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་དར་ཁྱབ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགོག་ཆེད། ཕྱི་ལོ་ ༢༠༢༠ ཟླ་བ་ ༢ ཚེས་ ༡༥ རྗེས་སུ་ཕྱི་རྒྱལ་མི་སེར་ལག་འཁྱེར་ཡོད་མཁན་བོད་མི་སུ་འདྲ་ཞིག་རྒྱ་གར་ས་གནས་སུ་འབྱོར་ནས་ད་ལྟ་གནས་མུས་ཡིན་ཚེ་ངེས་པར་དུ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སུ་འབྱོར་ཐོ་འབུལ་དགོས་པ་དང་། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་ཁུངས་སོ་སོའི་ཉེན་རྟོག་ལས་ཁུངས་སུ་ངེས་པར་མིང་ཐོ་འབུལ་དགོས། 

འདི་ག་ཧི་མཱ་ཅལ་མངའ་སྡེའི་ནང་ལ་མཚོན་ན་གོང་ཚེས་ཉིན་དང་། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༥ ཡང་ན་དེའི་རྗེས་སུ་འབྱོར་བའི་བོད་མི་ཕྱི་རྒྱལ་མི་སེར་ཡོད་པ་སུ་འདྲ་ཞིག་ཡིན་རུང་བོད་མིའི་་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཡན་ལག་ཚན་པའི་འགན་འགན་འཛིན་སྐལ་བཟང་བསྟན་འཛིན་ལགས་༼ ཁ་པར་ཨང་གྲངས་ ༩༨༨༢༢༥༥༢༠༩༽ སུ་མིང་ཐོ་འབུལ་དགོས་པ་མ་ཟད།

གཤམ་འཁོད་རང་གི་ལོ་རྒྱུས་འགེངས་ཤོག་ཡོད་པ་རྣམས་ལེགས་པར་བསྐང་དགོས།

༡ ༽ མིང་།

༢ ༽ རྒྱལ་ཁབ་གང་གི་མི་སེར་ཡིན་པ།

༣ ༽ མི་སེར་ལག་འཁྱེར་ཨང་གྲངས།

༤ ༽ མི་སེར་ལག་འཁྱེར་རྫོགས་ཚེས།

༥ ༽ རྒྱ་གར་ནང་འབྱོར་ཚེས།

༦ ༽ མཐོང་མཆན་རྫོགས་ཚེས།

༧ ༽ རྒྱ་གར་ས་ཐོག་ཏུ་མ་བབ་གོང་རྒྱལ་ཁབ་གཞན་ནང་བསྐྱོད་ཡོད་མེད། ཡོད་ཚེ་མིང་དྲིས།

༨ ༽ རྒྱ་གར་ནང་གནས་སྡོད་བྱེད་ཡུལ་ས་གནས་ཀྱི་ཁ་བྱང་།

༩ ༽ རྒྱ་གར་ནང་སྡོད་ཡུན་རིང་ལག་ཐོགས་ཁ་པར་གང་ཡིན།

གསལ་བསྒྲགས་འདི་བཞིན་རྒྱ་གར་དང་བལ་ཡུལ་ནང་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༥ ཉིན་ནམ་དེའི་རྗེས་སུ་འབྱོར་མཁན་བོད་རིགས་ཕྱི་རྒྱལ་མི་སེར་གྱི་ལག་འཁྱེར་ཡོད་མཁན་ཚང་མར་ཁྱབ་དགོས་སྟབས་འབྲེལ་ཡོད་བོད་མི་ཚང་མས་ཐུགས་སྣང་ངེས་པར་དགོས་པའི་ཛ་དྲག་གི་གསལ་བསྒྲགས་སུ།

ཐུགས་སྣང་། ཅི་སྟེ་བོད་མི་ཕྱི་རྒྱལ་མི་སེར་ཡོད་མཁན་གོང་ཚེས་དུས་བཀག་ནང་ངམ་དེའི་རྗེས་སུ་འབྱོར་བ་སུ་འདྲ་ཞིག་ནས་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སུ་འབྱོར་ཐོ་མ་འགོད་ཚེ། བོད་མི་དེ་རྒྱ་གར་ནང་མཐོང་མཆན་འཕར་འགྱངས་དང་རྒྱ་གར་ནས་ཕྱིར་འཐོན་ཆོག་པའི་ Exit permit བཀའ་འཁྲོལ་ཞུ་རྒྱུར་དཀའ་ངལ་འཕྲད་སྲིད།  སྐབས་དེར་བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལས་ཁུངས་ཀྱི་ངོས་ནས་མཐུན་འགྱུར་རོགས་རམ་ཞུ་ཐབས་བྲལ། གལ་ཏེ་འབྲེལ་ཡོད་ལས་ཁུངས་ནས་བོད་མི་དེ་རིགས་ཡོད་པ་ཤེས་རྟོགས་བྱུང་ཚེ་བཙོན་འཇུག་གི་ཁྲིམས་ཆད་ཕོག་སྲིད།