གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར།

༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད་པ་དང་བསྟུན་རྒྱ་གར་དབུས་གཞུང་དང་ཡང་སྒོས་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ནང་ཁྲིམས་ཀྱི་དོན་ཚན་ ༡༤༤ ལག་བསྟར་བཅས་ལ་བརྟེན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ཟླ་ ༣ ཚེས་ ༡༨ ནས་ཕྱི་ཟླ་ ༤ ཚེས་ ༡༥ བར་མཆོད་མཇལ་ཞུ་མི་གཏོང་རྒྱུ་མིན་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བརྡ་ཁྱབ་ཅིག་བཏང་གནང་འདུག་པ་ཚང་མས་དགོངས་འཇགས་འཚལ།།

Share with your friends










Submit