ཟླ་བ་ ༣ ཚེས ༢༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ། 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་དར་ཁྱབ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པ་དེར་བོད་མི་ཚོས་ཡིད་གཟབ་དགོས་གལ་གྱི་འབོད་སྐུལ་གནང་དོན། རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་ཡམས་ཐོག་སྔོན་འགོག་གི་ལམ་སྟོན་ཇི་ལྟར་གནང་བ་རྣམས་བོད་མི་ཚང་མས་ངེས་པར་ལག་བསྟར་ཡོང་ཐབས་སླད་འབད་བརྩོན་གནང་རོགས། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་ནང་ལས་བྱེད་བརྒྱ་ཆ་ལྔ་བཅུ་ལས་ཉུང་བ་ལས་བཅར་ཞུས་པ་དང། སྒེར་གྱི་གློག་ཀླད་ཡོད་མཁན་ཚོས་ལས་ཁུངས་སུ་བཅར་མི་དགོས་པར་རང་ཤག་ནས་ལས་ཀ་བྱེད་དགོས་པ་དང་། ཕྱིས་སུ་ལས་དོན་གང་བྱེད་མིན་ཐད་ལས་ཁུངས་སུ་སྙན་སེང་ཞུ་དགོས་པ་རེད།  ནད་ཡམས་དེ་བཞིན་ཁྱབ་གདལ་མ་ཡོང་བའི་ཆེད་ཕན་ཚུན་ཐུག་རེག་Social Distance སོགས་བྱེད་མི་རུང་ཞིང་། ཕན་ཚུན་མི་ཊར་གཅིག་གི་ཐག་རྒྱང་ཐག་བཞག་ནས་འབྲེལ་བ་གནང་དགོས་པ་རེད། 

ཧི་མཱ་ཅལ་དབུས་གཞུང་ནས་ཕྱི་ནས་འགྲུལ་བཞུད་བྱེད་མཁན་ལ་དམ་བསྒྲགས་བཀག་སྡོམ་བྱེད་ཡོད། ཁ་སང་ཀངྒར་རྫོང་ཡོངས་རྫོགས་ལ་དམ་བསྒྲགས་བཀའ་རྒྱ་བཏང་ཡོད། ང་ཚོས་ས་གནས་རྫོང་དཔོན་དང་འབྲེལ་བ་བྱེད་ཀྱི་ཡོད། རྒྱ་གར་དབུས་གཞུང་དང་རྫོང་ལས་ཁུངས་སུའང་ལས་བྱེད་བརྒྱ་ཆ་ལྔ་བཅུས་ཕྱག་ལས་གནང་གི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཡང་དེ་དེ་བཞིན་གནང་རྒྱུ་རེད།   ཚང་མས་རྒྱ་གར་དབུས་གཞུང་དང་ས་གནས་རྫོང་ལས་ཁུངས་ནས་ལམ་སྟོན་ཇི་ཕེབས་ངེས་པར་སྲུང་བརྩི་ཞུ་དགོས། ལྷག་པར་ནད་ཡམས་དེར་བོད་མི་ཚང་མས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན། །

གཤམ་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་འབྲེལ་གཏུག་ཁ་བྱང་། 

Departments/Offices Email ID Phone number/Whatsapp
Tibetan Supreme Justice Commission [email protected] 01892-225099
Tibetan Parliament-in-Exile [email protected] 01892-2228481
Kashag Secretariat [email protected] 01892-222218, 222713, 223546
Election Commission [email protected]  (+91) 8351972792
Public Service Commission [email protected] (+91) 7018945877
Office of Auditor General [email protected] 01892-222211, 226232
Department of Religion & Culture 01892-222685 / 226737
Department of Home [email protected] 01892-222214, 222412
Department of Finance [email protected][email protected]

[email protected]

[email protected]

[email protected]

(+91) 8988156537(+91) 9816768569

(+91) 7018558485

(+91) 9816156170

(+91) 9805035128

Department of Education [email protected][email protected]

[email protected]

(+91) 9816563849(+91) 9882322797

(+91) 9805033818

Department of Security [email protected] / [email protected] 01892-222254, 224954, 226186
Department of Information & International Relations [email protected] (+91) 7650836757 / 9654196312
Department of Health [email protected] 01892-223486