ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།

 

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་རང་རེའི་བོད་རིགས་གསུམ་ལ་ལོ་གཉིས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་སློབ་ཡོན་དོད་དང་། སྡོད་གནས། དེ་བཞིན་ལམ་གྲོན་བཅས་ཡོད་པའི་སློབ་ཡོན་ཞིག་གནང་གཏན་ཁེལ་སོང་བས་དགོས་ངེས་ཀྱི་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣༡ ཕྱི་དྲོའི་ཕྱག་ཚོད་ ༥ པ་འགྱངས་མེད་གཤམ་གསལ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས། 

འཚང་སྙན་འགེངས་ཤོག་འབུལ་ཡུལ་གྱི་སྦྲེལ་ཐག:

སློབ་ཚན་ཁག

༡། Management            

༢། Information & Computer Science            

༣། Social Systems Science

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ བར་གཙང་འབུལ་ཟིན་ཡོད་པ་དང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ“པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢། འཚང་སྙན་འབུལ་མི་རྣམས་སྤྱི་ཡོངས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཕྱི་ལོ་ ༢༠༡༧ ནམ་དེ་རྗེས་སུ་ཐོན་པ་གང་ཞིག་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་༥༠ ལོན་པ་ཞིག་དགོས། 

༣། སྤྱོད་བདེའི་ཡིག་སྒྲོམ་(PDF)གཅིག་ནང་མཉམ་དུ་འབུལ་དགོས་པའི་ཡིག་ཆ་གཞན་ཁག        (ཨིན་ཡིག་ནང་དགོས།)

  • སློབ་ཡོན་འདིའི་ཁོངས་འཚང་སྙན་འབུལ་དོན་གྱི་རྩོམ་ཡིག་ཡིག་འབྲུ་ ༤༠༠ ནས་ ༥༠༠ བར་ཡོད་པ་ཞིག
  • རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤོག་ངོས་གཅིག
  • རང་ཉིད་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཁང་ནས་ཞུས་པའི་ངོ་སྤྲོད་རྒྱབ་གཉེར་ཞིག
  • ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས་ཤིག

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

༡།  སྔོན་འགྲོའི་འདེམས་སྒྲུག་ཆེད་སྙན་འབུལ་བ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ ཉིན་དྷ་སར་ངག་རྒྱུགས་ལེན་རྒྱུ།

༢།  གཤམ་གསལ་གྱི་ཕྱོགས་བསྡོམས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་ ༥ འདེམས་སྒྲུག་བྱ་རྒྱུ།

ཀ། ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་འཐོབ་བྱའི་བརྒྱ་ཆ་ ༡༥ ཡོད་པ་གཤམ་གསལ་ལྟར།

Sl.no. UG aggregate % Points
1 50-59 3
2 60-69 6
3 70-79 9
4 80-89 12
5 90-100 15

 

ཁ། ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་བརྒྱ་ཆ་ ༥ ཡོད།

ག། ངག་རྒྱུགས་ལ་བརྒྱ་ཆ་ ༨༠ ཡོད།

༣། བརྒྱ་ཆ་རྩེ་བཏོག་གི་བདམས་ཐོན་བྱུང་བའི་སློབ་མ་ ༥ རྣམས་ཀྱི་མཐའ་མའི་འདེམས་སྒྲུག་དྷ་རམ་ས་ལ་རུ་ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་བདུན་ཕྲག་དང་པོའི་ནང་དྲ་ཐོག་ངག་རྒྱུགས་ལེན་རྒྱུ་ཡིན་པ་དང་། ངག་རྒྱུགས་ཀྱི་དུས་ཚོད་རྗེས་སུ་བརྡ་ལན་འབུལ་རྒྱུ།

མཆན། ༡། གསལ་བསྒྲགས་འདི་གཟབ་ནན་གྱིས་བཀླགས་ཏེ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པར་འབུལ་དགོས། ཡིག་ཆ་མ་ཚང་བའི་སྙན་ཞུ་རྣམས་ངོས་ལེན་བྱ་རྒྱུ་མིན།

༢། ཕྱིར་བསྐྱོད་ལག་དེབ་སེར་པོ་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་ཚུད་ཐོན་ཐབས་དོ་བདག་སོ་སོས་འགན་འཁུར་དགོས་རྒྱུ་བཅས། 

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ ལ།།

འབྲེལ་གཏུགས་ཞུ་ཡུལ། 

བསོད་ནམས་བཟང་མོ། [email protected] 

བསྟན་འཛིན་བསམ་འགྲུབ། [email protected]

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone: +91.01892. 226695, 222572 and 222721

Website: www.sherig.org, www.lamton.org