ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༨ རེས་གཟའ་མིག་དམར།

༄༅། །ཉི་འོང་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་ནས་ Reitaku University, Japan བོད་ཕྲུག་གཉིས་ལ་ལོ་གཅིག་རིང་ཉི་འོང་སྐད་ཡིག་སྦྱོང་སླད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་ཐོབ་སོང་བྱུང་ཡོད་ན། དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༩ ཕྱི་དྲོའི་ཕྱག་ཚོད་ ༥ པ་འགྱངས་མེད་དུ་གཤམ་གསལ་སྦྲེལ་ཐག་ཁ་བྱང་བརྒྱུད་འཚང་སྙན་འབུལ་ཟིན་དགོས་པ་དང་།  འདེམས་སྒྲུག་གི་ཡིག་རྒྱུགས་རྡ་རམ་ས་ལར་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ ཉིན་གཏན་འཁེལ་བྱུང་ཡོད་པ་ཐུགས་སྣང་ཡོང་བ་ཞུ།

སྦྲེལ་ཐགཿ རེ་ཏ་ཀུ་སློབ་ཡོན་འགེངས་ཤོག

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།  འཚང་སྙན་འབུལ་མི་ནས་དོ་བདག་གི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པའི་ཐོག  དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ བར་གཙང་འབུལ་ཟིན་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ”པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢། འཚང་སྙན་འབུལ་མི་རྣམས་སྤྱི་ཡོངས་ཀྱི་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཕྱི་ལོ་ ༢༠༡༤ འམ་དེའི་རྗེས་ཐོན་པ་དགོས་ཏེ་རྒྱུགས་སྤྲོད་བརྒྱ་ཆ་ ༥༠ ལོན་པ་ཞིག་དགོས། 

༣།   རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤོག་ངོས་གཅིག 

༤། ཉི་འོང་གི་གཞི་རྩའི་སྐད་ཡིག་ Hiragana དང་ Katakana འབྲི་ཀློག་ཤེས་དགོས་པ་ནི་སྔོན་འགྲོའི་དགོས་མཁོ་ཞིག་ཡིན་པས། དེ་ལྟར་ཤེས་མཁན་རྣམས་ལ་འདམ་ཀ་དང་པོ་འབུལ་རྒྱུ་ཡིན་ན། སྐད་ཡིག་གི་ལག་འཁྱེར་ཡོད་ཚེ་ངོ་བཤུས་འབུལ་དགོས།

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

༡། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༠ ཉིན་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་ནས་ངག་རྒྱུགས་སམ་ཡིག་རྒྱུགས་བླང་རྒྱུ། 

༢། རྒྱུགས་འཕྲོད་བརྒྱ་ཆ་གཅིག་མཚུངས་བྱུང་ཚེ་ཉི་འོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་མཁན་དེ་ཉིད་འདེམས་ཐོན་བྱ་རྒྱུ།  དེ་མིན་ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆ་རྩེ་ཏོག་གིས་འདེམས་ཐོན་གནང་རྒྱུ།

༣། ཉི་འོང་སྐད་ཡིག་སློབ་སྦྱོང་གི་དུས་ཡུན་ཕྱི་ལོ་ ༢༠༢༠ ཟླ་ ༩ པ་ནས་ ༢༠༢༡ ཟླ་ ༨ བར་ཡིན། དེའི་གོང་ཕྱིར་བསྐྱོད་ལག་དེབ་སེར་པོ་གྲ་སྒྲིག་ཡོད་པ་ཞིག་དགོས།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༧ ལ།།

འབྲེལ་གཏུག་ཞུ་ཡུལ། བསོད་ནམས་བཟང་མོ། [email protected]

བསྟན་འཛིན་བསམ་འགྲུབ། [email protected]

Phone: +91.01892. 226695, 222572 and 222721

Download

Share with your friends










Submit