ཟླ་བ་ ༢ ཚེས ༡༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ རེས་གཟའ་ཕུར་བུ། 

 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཧི་མ་ཅཱལ་མངའ་སྡེའི་སྲོལ་རྒྱུན་རིག་གཞུང་ནང་གཉེན་སྒྲིག་རྟེན་འབྲེལ་དང་། སྐྱེས་སྐར། རྒས་ཡོལ། ཆོས་ལུགས་དུས་སྟོན་སོགས་ལ་སྐུ་མགྲོན་གདན་ཞུས་ཀྱིས་ཉིན་གུང་གསོལ་ཚིགས་ Dham ཞེས་པ་འདེགས་འབུལ་ཞུ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ཉིན་གུང་ཆུ་ཚོད་ ༡༢ ཐོག་རྡ་ས་བྷག་སུ་ Bhagsunath རུ་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨོན་ཀར་ནེ་རིཡ་ Shri.Onkar Nehria,Deputy Mayor of Dharamshala Municipal Corporation ལགས་ཀྱི་བུ་མོའི་གཉེན་སྒྲིག་དུས་སྟོན་གྱི་ལས་རིམ་ནང་ཧི་མ་ཅཱལ་མངའ་སྡེའི་སྲོལ་རྒྱུན་གཞིར་བཟུང་ཉིན་གུང་གསོལ་ཚིགས་གོ་སྒྲིག་ཞུས་པའི་ཐོག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཁག་ཅིག། སྐབས་ ༡༠ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཁག་ཅིག་བཅས་གཞུང་འབྲེལ་ཐོག་ཆེད་བཅར་གནང་ཡོད།  སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་སྐུ་ཞབས་ཁོང་དང་། ཁོང་གི་བུ་མོས་གཙོས་ནང་མི་སྤུན་མཆེད་རྣམ་པར་འཚམས་འདྲིའི་མཇལ་དར་དང་། དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །

 

Share with your friends










Submit