ཟླ་བ་ ༢ ཚེས ༡༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ རེས་གཟའ་མིག་དམར།

༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕྱི་ལོ་  ༢༠༢༠ ཟླ་ ༠༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཚོུད་ ༥ ཙམ་ལ་རྡ་ས་གངས་སྐྱིད་ནས་ཕེབས་ཐོན་གྱི་ཕྱི་དྲོ་ཚོུད་ ༤ ཙམ་ལ་ལྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཀྱི་ཚོགས་གཙོ་དང་འགན་འཛིན་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད།

 

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༠༢ ཚེས་ ༠༦ ཉིན་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠།༣༠ བར་ས་གནས་ཀྱི་གནད་ཡོད་མི་སྣ་མཉམ་བཞུགས་མོལ་ཚོགས་འདུ་བསྐྱངས་རྗེས་ས་གནས་ཁྲིམས་ཞིབ་ཁང་དུ་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་ལྷན་དུ་ལས་ཁུངས་ཀྱི་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྟོགས་ཞིབ་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་གསར་རྒྱག་དང་ལས་ཤག་བཟོ་བཅོས་ལས་གཞི་དང་འབྲེལ་བའི་གྲོས་བསྡུར་དང་ལམ་སྟོན་གནང། དེ་རྗེས་སྲོང་བཙན་དཔེ་མཛོད་དང་། མངོན་དགའ་སློབ་གྲྭར་འཚམས་གཟིགས་གནང་།

 

ཕྱི་ཚེས་ ༠༧ ཉིན་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་དུ་དམིགས་གསལ་སྐུ་མགྲོན་དུ་མཛད་སྒོར་མཉམ་ཞུགས་གནང་། མཛད་སྒོར་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སློབ་གྲྭ་ཐོག་མ་འཛུགས་སྟངས་དང་། སྐབས་དེར་སློབ་གྲྭའི་མཐུན་རྐྱེན་ཧ་ཅང་ཞན་པོའི་འོག་འཛིན་སྐྱོང་དང་། དགེ་ལས་སློབ་ཕྲུག་ནས་སྐུ་ལས་སྐྱོན་ཡོད་པ། སློབ་གྲྭ་གཞན་དང་མི་འདྲ་བའི་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་ནས་ད་བར་སྤྱི་ཚོགས་ནང་མཁས་ལས་མི་སྣ་དང་། སྤྱི་སྒེར་གྱི་འགོ་འཁྲིད་མང་པོ་སློབ་ཐོན་གནང་ཡོད་པ། མ་འོངས་པར་སློབ་ཕྲུག་རྣམས་ནས་ཀྱང་སློབ་གྲྭ་ཐོན་རྗེས་མི་བཟང་པོ་ཞིག་ཡོང་རྒྱུ་འབད་བརྩོན་གནང་གལ་ཆེ་ལུགས་སྐོར་གསུངས།

དེ་རྗེས་སློབ་གྲྭའི་དགེ་ལས་ཟུར་པ་དང་། སློབ་ཟུར། གོ་སྒྲིག་ཚོགས་ཆུང་ཡོངས་ལ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་རྩི་གཟབ་རྒྱས་གནང་བར་འཚམས་འདྲི་ཞུས་ཡོད། ཕྱི་ཚེས་ ༠༨ ཉིན་གྱི་སྔ་དྲོ་ཚོུད་ ༨།༣༠ ཐོག་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ནས་རེ་བསྐུལ་ལྟར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ལྷན་གཞིས་ཆགས་སུ་འཚམས་གཟིགས་གནང་སྒྲུབ་བསྟུན་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས། །

Share with your friends










Submit