ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ། 

༄༅། །འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་ཟློས་གར་ཚོགས་པ་ནི། བཙན་བྱོལ་དུ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་སྒྲིག་འཛུགས་ཚུགས་སྔ་ཤོས་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༦༡ ནས་བཟུང་ད་བར་ཚོགས་པ་འདིའི་སྤྱི་ཁྱབ་འགན་འཛིན་དུ་གཞུང་བསྐོས་འཛིན་སྐྱོང་ལས་བྱེད་དང་སྒྱུ་རྩལ་ཁྱད་མཁས་མི་སྣ་ཅི་རིགས་ཕེབས་ཡོད་ཀྱང་། གཞི་རྩའི་ཆ་ནས་ཚོགས་པ་འདིའི་སྤྱི་ཁྱབ་འགན་འཛིན་དུ་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐོག་ཤེས་ཚད་དང་ཉམས་མྱོང་ལྡན་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། ཁྱད་མཁས་མི་སྣ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་ཞིག་འདེམས་བསྐོ་གནང་གཏན་འཁེལ་བའི་འོས་ཆོས་ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས་གཤམ་གསལ།

འོས་ཆོས་ཆ་རྐྱེན།

༡༽  མ་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor Degree) ཐོན་པའི་ལག་འཁྱེར་ཡོད་པའམ། བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་འཁྲིད་ཀྱི་ཉམས་མྱོང་ཡོད་པ་གང་རུང་། ༢༽  བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་རྒྱུས་མངའ་དང་ཟློས་གར་རིག་པའི་ཐོག་ཉམས་མྱོང་འདང་ངེས་ཡོད་པ། ༣༽  ཚོགས་པ་འཛིན་སྐྱོང་གི་ཉམས་མྱོང་ཡོད་ན་བརྒྱ་ཆ་སྐར་མ་ ༥ བར་འཕར་མ་འཐོབ་རྒྱུ། ༤༽  ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་རང་ལོ་ ༣༥ ཧྲིལ་པོར་ལོན་པ། ༥༽  ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་གྱི་བཙན་བྱོལ་བོད་མིའི་དཔྱ་དངུལ་བསྡུ་འབུལ་ཟིན་པ།

འཚང་སྙན་འབུལ་ཕྱོགས།

༡༽  རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤོག་ངོས་གཅིག  ༢༽  རང་ཉིད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གནང་འདོད་ཡོད་པའི་དམིགས་ཡུལ་ཤོག་ངོས་གཅིག ༣༽  གོང་གསལ་འོས་ཆོས་ཆ་རྐྱེན་ཁག་གི་དཔང་ཡིག་ངོ་བཤུས་རེ།  ༤༽  ཉེ་དུས་ཀྱི་ཕྱེད་པར་གཅིག  ༥༽  འབྲེལ་གཏུག་བྱ་ཡུལ་གློག་འཕྲིན་ (email) ཁ་བྱང་དང་ཞལ་པར་ཨང་གྲངས་བཅས་འཚང་སྙན་དང་ལྷན་དུ་ [email protected] གློག་འཕྲིན་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ གོང་ཚུད་ངེས་འབུལ་ཐུབ་པ་དགོས་རྒྱུའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ ལ།།

Download

 

 

Share with your friends










Submit