ཟླ་བ་ ༡ ཚེས ༡༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བ།2020 01 11 Bodhgaya Gallery Gg 05 A7304840

༄༅། །༸རྒྱལ་བ་རིན་པོ་ཆེའི་དྲ་གནས་ནང་གནས་ཚུལ་སྤེལ་དོན་ལྟར་ན།  ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་རིགས་དང་བོད་རིགས་མཐོ་རིམ་སློབ་ཕྲུག་སུམ་བརྒྱ་ཙམ་ལ་བཀའ་སློབ་དང་དྲི་བ་དྲིས་ལན་དང་གནང་ཡོད་པ་རེད།2020 01 11 Bodhgaya Gallery Gg 04 A7304823

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རིགས་སློབ་མའི་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འདུ་འཛོམས་གནང་བའི་ཨ་རིའི་ཤར་ཕྱོགས་ཀྱི་གཙུག་ལག་མཐོ་རིམ་སློབ་གྲྭ་ཁག་ ༧༠ ཡི་རྒྱ་བོད་སློབ་ཕྲུག་གྲངས་ ༣༠༠ ཙམ་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དང་འཇིག་རྟེན་སྤྱི་སྨན་གྱི་འགན་ཁུར་(Secular Ethics & Universal Responsibility) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་།2020 01 11 Bodhgaya Gallery Gg 03 A7304809

སྐབས་དེར་༸གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་ཐབས་ཆེད་བྱམས་བརྩེ་གོང་སྤེལ་བྱེད་དགོས་པའི་གལ་གནད་དང་། འཇིག་རྟེན་ཞི་བདེར་གནས་ཐབས་ལ་ལམ་སྟོན་སྩལ་བ་མ་ཟད། དྲི་བ་དྲིས་ལན་སྐབས་སུ་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ཀྱི་སྐོར་དང་། རྒྱ་རིགས་ན་གཞོན་ཚོས་བོད་དོན་ལ་ནུས་པ་ཅི་ཞིག་འདོན་དགོས་པའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་བ་དང་། གཞན་ཡང་། ཆོས་དད་ཡོད་མཁན་དང་མེད་མཁན་གྱི་ཀུན་སྤྱོད་སོགས་ཀྱི་སྐོར་ལ་བཀའ་ལན་སྩལ་ཡོད་པ་རེད། དྲ་ལམ་ནས་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་བའི་མཛད་འཕྲིན་འདི་བཞིན་ཨ་རིའི་ནང་གི་རྒྱ་བོད་སློབ་ཕྲུག་ལ་ཐེངས་དང་པོར་གནང་ཡོད་པ་རེད།

2020 01 11 Bodhgaya Gallery Gg 06 A7304905

Share with your friends










Submit