གསར་ལས་ཁང་གི་གསར་འགོད་པས།
ཕྱི་ལོ་ ༢༠༢༠  ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར། 
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཆར་༢༠༡༩ ཟླ ༡༡ ཚེས་ ༠༧ དང་ ༡༨ ། ༢༡ བཅས་ལ་རྫ་སྨད་དབོན་པོ་སྡེ་བའི་ནང་དུ་བོད་དོན་ལས་འགུལ་དང་འབྲེལ་བའི་གནས་ཚུལ་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་མཁྱེན་གསལ་དང་། དེའི་རྗེས་སུ་ཚེས་༢༤ ནས་ཟླ་ ༠༡ ཚེས་༣ བར་ང་ཚོས་གང་ཐུབ་ཀྱིས་གནས་ཚུལ་འཚོལ་སྒྲུབ་བྱས་པ་ཡིན།  
༡༽སེར་སྐྱ་སུམ་བཅུ་བརྒལ་བ་ཞིག་ལ་རྩམ་པ་གཅིག་པོ་མ་གཏོགས་ཟས་གང་ཡང་མ་སྤྲད་པར་ཟླ་ཕྱེད་གཅིག་གི་རིང་བཀག་ཉར་བྱས་ཡོད་པ་དང་།  དེ་ཚོ་ནི་དོགས་ཡོད་མི་སྣ་དང་།  དྲ་རྒྱ་དང་འབྲེལ་བ་ཡོད་པ། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པ།  རིན་པོ་ཆེའི་པར་བཤམས་ཡོད་པ། སྐད་ཆ་བཤད་སྟངས་ནོར་བ། ཆབ་སྲིད་དང་འབྲེལ་མེད་སྤྱིར་བཏང་གི་རྙོག་གླེང་ཅན་འགའ་ཞིག་བཅས་ཡིན།
༢༽ དེ་བཞིན་གྲྭ་བ་མང་པོ་ཞིག་ལ་བསམ་བློའི་སློབ་གསོ་དགོས་ཚུལ་གྱིས་ཟླ་ཕྱེད་ཀ་ལྷག་ཅིག་ལ་ཉིན་ལྟར་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས་ཡོད་འདུག
༣༽མང་ཚོགས་ལ་རྗེས་ཕྱོགས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དེ་རིགས་ལྷག་མི་ཆོགས་པའི་བསྒྲགས་གཏམ་སྤེལ་ཡོད་འདུག 
༤༽གཞན་དབོན་པོ་སྡེ་བའི་ཡུལ་མི་དང་། སྡེ་བ་གཞན་གྱི་མི་སོགས་སེར་སྐྱ་མང་པོ་ཞིག་གི་ཁ་པར་བསྔོགས་གཤེར་བཏང་ཡོད་པ་དང་། ཉེན་རྟོག་ཁང་ལ་སྐད་བཏང་ནས་འདྲི་རྩད་མང་པོ་བྱས་པ།  ཡིག་ཆ་གང་ཞིག་ལ་མིང་རྟགས་བཀོད་བཅུགས་པ་སོགས་བྱུང་འདུག 
༥༽ དམག་མི་རྣམས་ཀྱིས་ལག་དུ་མེ་མདའ་དང་། ཉེན་འགོག་འགྱིག་ཕུབ་སོགས་བཟུང་ནས་སྲང་ལམ་དུ་དམག་སྦྱོང་གིས་མི་མང་ལ་ཉིན་ལྟར་འཇིགས་བསྐུལ་བྱས། དམག་མི་དེ་ཚོ་སྲང་ལམ་ནས་འགྲོ་དུས། སྐད་ཅོར་མཐོ་བོས་་་་གཅིག་་་་་གཉིས་་་་་གསུམ།  ལབ་ནས་འགྲོ་གི་ཡོད་པ་དང་།  ཚེས་༡༢ ནས་སྣང་ཚུལ་ལ་དམག་མི་མང་པོ་ཞིག་རྫ་སྨད་ནས་ཕྱིར་ལོག་བྱུང་བ་མཐོང་ཡོད།
༦ ༽ད་ལྟའི་ཆར་གྲྭ་བ་ལྔ་དང་། མི་སྐྱ་གཉིས་བཟུང་ཡོད།༼ ༡  ཀུན་གསལ། ༢ རྟ་མེ། ༣ བསོད་བཀྲ། ༤ ཚུལ་ཁྲིམས། ༥  ཉིན་ཉི་མས། ༦  ཆོས་རྒྱལ་དང་།  ༧ ཡོན་ཏན། ༽ཁོང་ཚོ་ཐོག་མར་སེར་ཤུལ་རྫོང་ལ་ཁྲིད་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཡོད་ཀྱང་དེའི་རྗེས་སུ་ནང་མི་ཚོ་ཐུག་འཕྲད་བྱུང་ཡོད་མེད་དང་།  ཁོང་ཚོའི་གནས་སྟངས་ག་རེ་ཡིན་ང་ཚོས་ཤེས་རྟོགས་ཐུབ་མེད།  
༧༽ང་ཚོས་ཐབས་ཤེས་གང་ཡོད་ཀྱིས་སྐབས་དེའི་རྫ་སྨད་གྲོང་རྡལ་གྱི་པར་རིས་འགའ་ཞིག་རག་སོང་། པར་དེ་ཚོ་ནི་དྲག་པོའི་དམག་གིས་མང་ཚོགས་ལ་འཇིགས་བསྐུལ་བྱེད་བཞིན་པའི་སྐབས་ཀྱི་ཟུར་ཙམ་དང་། རྒྱུན་ལྡན་དབོན་པོ་གྲོང་རྡལ་གྱི་རྣམ་པ་མཚོན་པའི་པར་རིས་དང་།  ཉིན་དེ་དག་གི་དབོན་པོ་གྲོང་རྡལ་གྱི་སྲང་ལམ་ལ་མི་མང་གིས་འགྲོ་འདུག་རྦད་དེ་ཉུང་དུ་ཕྱིན་ཡོད་པའི་པར་རིས་བཅས་ཡིན། ༢༠༢༠/༠༡/༥ཡི་མཚན་མོར།
Share with your friends










Submit