ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ། 

༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེལ་ཀོབ་དང་། ཏི་ཛུ། ཨོ་ཌི་ཤ་བཅས་ཀྱི་ས་གནས་སུ་སོ་ནམ་སློབ་སྟོན་པའི་ས་མིག་གྲངས་ ༤ ཁ་སྐོང་ཆེད་ཆོད་གན་གྱི་ངོ་བོའི་ཐོག་བསྐོ་གཞག་གནང་རྒྱུ་ལགས་ན་གཤམ་གསལ་གྱི་ཆ་རྐྱེན་ཚང་རིགས་ནས་འཚང་སྙན་འབུལ་འཐུས།

ཀ༽         དགོས་མཁོའི་ཆ་རྐྱེན།

༡།      ཤེས་ཚད།      ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ་གང་ཞིག་སོ་ནམ་ལས་དོན་ཐོག་དོ་དབྱིངས་དང་ཉམས་མྱོང་ཡོད་དགོས། སོ་ནམ་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.Sc. Agriculture ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ BA or equivalent to BA ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

༢།      ལོ་ཚད།         ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༥ བར་རང་ལོ་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།

༣།      ཉམས་མྱོང་།   ཤེས་ཚད་ལག་འཁྱེར་ཡོད་ཐོག་དེ་སྔོན་ཨི་ཛི་རལ་དང་ཉི་ཧོང་སོགས་སུ་སོ་ནམ་སྦྱོང་བརྡར་དང་གླ་ཡོད་ལས་རིགས་སོགས་ལ་བསྐྱོད་དེ་རྙོག་གླེང་གང་ཡང་མེད་པར་ཕྱིར་ལོག་བྱུང་བའི་ན་གཞོན་དང་།          རྒྱུན་དུ་རང་ས་རང་འདེབས་བྱེད་མཁན་གྱི་ན་ གཞོན་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

ཁ༽   དགོས་མཁོའི་ཡིག་ཆ།

༡།      དོ་བདག་གི་ཞུ་སྙན་དང་ཤེས་ཚད་ལག་འཁྱེར་གྱི་ངོ་བཤུས།

༢།      འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་ཟིན་པའི་ངོ་བཤུས་དགོས་རྒྱུ།

༣།      འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་འདས་པའི་ནང་དོ་བདག་དང་འབྲེལ་བའི་རྙོག་གླེང་རིགས་མེད་པའི་རྒྱབ་གཉེར་དང་རང་ས་རང་འདེབས་བྱེད་བཞིན་ཡོད་ན་དེའི་ངོས་སྦྱོར་ཡི་གེ་དགོས་རྒྱུ།

༤།      སོ་ནམ་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་བྱས་མྱོང་བའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས།

༥།      ལས་ཀ་བྱེད་བཞིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས་རྒྱུ།

༦།      ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་འབབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་དགོས་རྒྱུ།

༧།      འཚང་སྙན་མཉམ་འབུལ་རྒྱུའི་ལག་འཁྱེར་དང་ཡིག་ཆ་རྣམས་ཀྱི་སྟེང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ཡང་ན་ས་གནས་འགོ་འཛིན་གང་རུང་གི་དག་མཆན་འཁོད་དགོས་རྒྱུ།

ང༽   གླ་ཕོགས་དང་ཐོབ་ཐང་གཞན།

༡།      སོ་ནམ་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཡོད་རིགས་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་སྡེ་འགན་གནས་རིམ་དུ་བསྐོ་གཞག་གིས་ཟླ་རེར་སྒང་ཕོགས་ཧིན་སྒོར་ ༡༩,༤༣༢ འཐོབ་རྒྱུ།

༢།      མཐོ་སློབ་ཐོན་པའི་ལག་འཁྱེར་ཡོད་རིགས་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་ལས་དོའི་གནས་རིམ་དུ་བསྐོ་གཞག་གིས་ཟླ་རེར་སྒང་ཕོགས་ཧིན་སྒོར་ ༡༨,༩༡༥ འཐོབ་རྒྱུ།

༣།      འཛིན་རིམ་ ༡༢ པའི་ལག་འཁྱེར་ཡོད་རིགས་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་ལས་དྲུང་གནས་རིམ་དུ་བསྐོ་གཞག་གིས་ཟླ་རེར་སྒང་ཕོགས་ཧིན་སྒོར་  ༡༧,༠༠༩ འཐོབ་རྒྱུ།

༤།      ཐོབ་ཐང་གཞན་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཆོད་གན་ལས་བྱེད་གཞན་སྤྱི་མཚུངས་འཐོབ་རྒྱུ།

གོང་གསལ་ཆ་རྐྱེན་རྣམས་ཚང་ཞིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་སློབ་སྟོན་པའི་ལས་གནས་ཐོག་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བའི་ཕྱི་དྲོ་ཚོུད་ ༥༌༠༠ ནང་ཚུད་གཤམ་གསལ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་ཞུ་སྙན་འབུལ་དགོས་རྒྱུ་དང་དེའི་རྗེས་སུ་ཞུ་སྙན་ཕུལ་འབྱོར་བྱུང་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

དོགས་འདྲི་དང་འཚང་སྙན་འབུལ་ཡུལ།

Secretary

DEPARMENT OF HOME

Central Tibetan Administration

Gangchen Kyishong,

Dharamshala – 176215

Distt. Kangra, H.P. INDIA

E-mail: [email protected]/[email protected]ྱ་

Telephone: 01892-222214/222412    

Mobile No. 9805816273

Share with your friends










Submit