ཟླ་བ་ ༡༡ ཚེས ༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་བཞུགས་སྒར་ནས་རྒྱ་གར་པན་ཇབ་མངའ་སྡེའི་ཨམྲིཏ་སར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སོང་།

དེ་ཡང་མཛད་འཆར་ལྟར་ན།  མགོན་པོ་གང་ཉིད་མཆོག་ཨམྲིཏ་སར་དུ་རྟེན་གཞི་བྱས་པའི་སིག་ཆོས་ལུགས་ཀྱི་ཤིང་རྟིའི་སྲོལ་འབྱེད་གུ་རུ་ནཱ་ནག་མཆོག་གི་མཚན་ཐོག་མཐོ་སློབ་གྲགས་ཅན་ Guru Nanak Dev University  ཞེས་པར་མངའ་གཞུང་གིས་གོ་སྒྲིག་ཞུས་པའི་གུ་རུ་ནཱ་ནག་མཆོག་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༥༥༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་འབྲེལ་ཆོས་ལུགས་འཆམ་མཐུན་གྱི་ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང་།  མཛད་འཆར་ཁག་ལེགས་གྲུབ་རྗེས་ཕྱི་ཚེས་ ༩ ཉིན་བཞུགས་སྒར་དུ་ཆིབ་སྒྱུར་བསྐྱང་གཏན་འཁེལ་ཡོད་པ་བཅས། །

Share with your friends










Submit