ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་སྨྱུག་དཔེ་སྐྲུན་ཁང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མཉམ་འབྲེལ་གྱིས་བོད་ཀྱི་ཁོར་ཡུག་ཐོག་སྙན་ངག་འགྲན་བསྡུར་གོ་སྒྲིག་ཞུས་པའི་གྲུབ་འབྲས་གཤམ་གསལ།

རྩོམ་ཡིག་དཔྱད་ཞིབ་པ།

༡༽ ན་ག་སངས་རྒྱས་བསྟན་དར་ལགས། ༼ བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་པ། ༽

༢༽ བསྟན་འཛིན་བདེ་སྐྱིད་ལགས། ༼ སྙན་ངག་པ་དང་རྩོམ་སྒྲིག་པ། ༽

༣༽ ཇེན་པརཀིན་སི། ༼ རྩོམ་པ་པོ་དང་ The Straits Times ཀྱི་རྩོམ་སྒྲིག་པ་ཟུར་པ། ༽

༤༽ བསྟན་འཛིན་རིགས་གྲོལ་ལགས། ༼ སྙན་ངག་པ་དང་ང་དགུ་སྒྱུ་རྩལ་ཁང་གི་འགན་འཛིན། ༽

བྱ་དགའ་ཐོབ་མཁན་གྱི་མཚན་གཞུང་གཤམ་གསལ།

ཀ༽ སློབ་གྲྭའི་སྡེ་ཚན།

༡། བོད་ཡིག་སྙན་ངག་གི་བྱ་དགའ།

  • ལྡོང་དངོས་གྲུབ། ༼ ཤེས་རབ་དགའ་ཚལ་སློབ་གླིང་། འཛིན་གྲྭ། ༡༢ ༽
  • ཕུན་ཚོགས་སྒྲོལ་མ།  ༼ སྦེལ་ཀོབ་སམ་བྷོ་ཊ་ཉིན་སློབ། འཛིན་གྲྭ། ༡༢ ༽

༢། ཨིན་ཇི་སྙན་ངག་གི་བྱ་དགའ།

  • འཕྲིན་ལས་ཆོས་འཛོམས། ༼ གཱོ་པུར་བོད་ཁྱིམ་སློབ་གྲྭ། འཛིན་གྲྭ། ༡༢ ༽
  • བསྟན་འཛིན་པདྨ། ༼ རྡ་ཤོད་བོད་ཁྱིམ་སློབ་གྲྭ། འཛིན་གྲྭ། ༡༠  ༽

ཁ༽ མཐོ་སློབ་སྡེ་ཚན།

༡། བོད་ཡིག་སྙན་ངག་གི་བྱ་དགའ།

  • ངག་དབང་ནོར་བུ། ༼  ཇཝཱཧར་ལཱལ་ནཱེ་རུ་གཙུག་ལག་སློབ་གཉེར་ཁང་།  ༽
  • ཕུར་པ་རྒྱལ། ༼  ཝྭ་ན་གཙུག་ལག་སློབ་གཉེར་ཁང་། ༽

༢། ཨིན་ཡིག་སྙན་ངག་གི་བྱ་དགའ།

  • བསྟན་འཛིན་ཆོས་སྒྲོན། ༼ པན་ཇཱབ་གཙུག་ལག་སློབ་གཉེར་ཁང་།  ༽
  • བསྟན་འཛིན་ཆོས་བཟང་། ༼ ཇཱོ་ཏི་ནི་ཝ་སེ་མཐོ་སློབ།  ༽

བྱ་དགའ་ཐོབ་མཁན་རྣམས་ལ་བོད་སྨྱུག་དཔེ་སྐྲུན་ཁང་ནས་ཐད་ཀར་འབྲེལ་ལམ་གྱིས་སློབ་ཕྲུག་རེར་ཧིན་སྒོར་ ༥༠༠༠ ཐམ་འབུལ་རྒྱུ་དང་། བོད་སྨྱུག་དཔེ་སྐྲུན་ཁང་གིས་ཁོང་ཚོའི་སྙན་ངག་ཁག་ཕྱོགས་བསྡོམས་ཀྱིས་ཨིན་བོད་ཤན་སྦྱར་གྱི་དཔེ་དེབ་ཞིག་པར་སྐྲུན་ཞུས་ཏེ་སློབ་གྲྭ་ལ་འགྲེམས་སྤེལ་གནང་གཏན་འཁེལ་ཡོད་པའི་གསལ་བསྒྲགས་སུ། ཕྱི་ལོ་༢༠༡༩ ཟླ་ ༡༡ ཚེས་ ༢༡ ལ།།

Share with your friends










Submit