ཟླ་བ་ ༡༡ ཚེས ༡༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གཙོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཐུན་མོང་ནས་བོད་ཀྱི་ཁོར་ཡུག་ཆེད་རྒྱང་རྒྱུག་གོ་སྒྲིག་གནང་ཡོད་པ་དང་།


རྒྱང་རྒྱུག་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མཐོ་སྒང་གི་ཁོར་ཡུག་ནི་འཛམ་གླིང་སྤྱི་ཡོངས་ལ་ཇི་ཙམ་གལ་གནད་ཆེ་བ་དང་། རྒྱལ་སྤྱིའི་སྡིངས་ཆེའི་སྟེང་གོ་ལའི་ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ག་འདྲ་ཞིག་ཚོགས་ཀྱང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གལ་གནད་ཐོག་བགྲོ་གླེང་ངེས་པར་གནང་དགོས་པའི་རེ་འདུན་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་ཡོང་ཆེད་ཡིན་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན།  འབྲེལ་ཡོད་ལས་བྱེད། རྒྱང་རྒྱུགས་པ་མི་གྲངས་ ༡༢༠ ལྷག་ཙམ་བཅས་ལྷན་འཛོམས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་སྐྱིད་ནས་འགོ་འཛུགས་ཀྱིས་མེ་གྷན་གསུམ་མདོ་བརྒྱུད་བྷག་སུ་བར་རྒྱང་རྒྱུག་གནང་ཡོད། དེ་ནས་མེག་གྷན་ཁྲོམ་གཞུང་དུ་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པ་གཙོ་བོར་གྱུར་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་མི་མང་འཚང་ག་ཤིག་ཤིག་ཡོད་སའི་ས་ཚིགས་ཐོག་ལས་འགུལ་བ་རྣམས་ཀྱིས་ལག་ཏུ་ཕྲེད་དར་ཐོགས་ནས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཇི་ཙམ་གལ་ཆེན་པོ་ཡིན་པའི་དྲིལ་བསྒྲགས་རྒྱ་ཆེ་སྤེལ་གནང་ཐུབ་པ་བྱུང་འདུག 

Share with your friends










Submit