ཟླ་བ་ ༡༠ ཚེས ༧ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་  ༧ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཚོགས་འདུའི་སྐབས་ནང་སྲིད་སོ་ནམ་ཚན་པས་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་བའི་གྲངས་ཐོ་རྣམས་ལག་ཐོག་ཁ་པར་དང་ཀམ་པུ་ཊར་ཐོག་ལྟ་ཀློག་ཐུབ་ཆེད་བཀོལ་སྤྱོད་མཉེན་ཆས་ Padma App ཞེས་པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་།  

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་དྲུང་ཆེ་དཔེ་ཟུར་དབང་འདུས་ལགས། ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས། དེ་བཞིན་ས་གནས་འགོ་འཛིན་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ནང་སྲིད་བཀའ་བློན་མཆོག་གིས་བཀོལ་སྤྱོད་མཉེན་ཆས་ Padma App ཞེས་པ་དབུ་འབྱེད་གནང་རྗེས། སོ་ནམ་སློབ་སྟོན་པ་སྐུ་ཞབས་ Kishore Rao ལགས་ཀྱིས་བཀོལ་སྤྱོད་མཉེན་ཆས་ཀྱི་ངོ་སྤྲོད་དང་སྦྲགས་བེད་སྤྱོད་གཏོང་ཕྱོགས་ཐད་གསལ་བཤད་གནང་འདུག 

སྐབས་དེར་ནང་སྲིད་སོ་ནམ་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། བཀོལ་སྤྱོད་མཉེན་ཆས་དེ་བོད་མི་ཞིང་པ་རང་གི་ཆེད་དུ་རེད། མཉེན་ཆས་དེ་བརྒྱུད་ནས་སྐྱེ་ལྡན་སོ་ནམ་ལས་གཞི་དང་འབྲེལ་བའི་གྲངས་ཐོ་བསྡུ་རུབ་དང་དཔྱད་ཞིབ་ཁུངས་ལྡན་ཞིག་ཡོང་ཐུབ་ཆེད་ཡིན། ཞེས་གསུངས། 

དེ་ཡང་བཀོལ་སྤྱོད་མཉེན་ཆས་གསར་པའི་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ཡིན་པ་དང་། སྐུ་ཞབས་ཀི་ཤོར་རཱོ་ལགས་ཀྱིས་འགན་ཁུར་འོག crop in བཟོ་སྐྲུན་ཁང་ Company ནས་བཟོ་སྐྲུན་གནང་བ་ཞིག་ཡིན་འདུག་པ་བཅས། །

Share with your friends










Submit