ཟླ་བ་ ༡༠ ཚེས ༡༡ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །འདི་གར་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་ཐུན་མོང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༨ བར་ཉིན་གྲངས་དྲུག་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གློ་ནད་ཊི་བྷི་ནད་གཞི་སྔོན་འགོག་ཆེད་སིལ་སྤོལ་རྩེད་འགྲན་ཐེངས་གསུམ་པ་ཚོགས་ཡོད།དེ་ཡང་ཕྱི་ཚེས་  ༨  ཉིན་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གློ་ནད་ཊི་བྷི་ནད་གཞི་སྔོན་འགོག་ཆེད་ཟབ་སྦྱོང་དང་ལས་འགུལ་འདྲ་མིན་གོ་སྒྲིག་གནང་དང་གནང་བཞིན་པའི་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཉིན་མཐའ་མའི་རྩེད་འགྲན་དེ་བཞིན་འགོ་བཙུགས་གནང་། སིལ་སྤོལ་རྩེད་འགྲན་ཉིན་མཐའ་མའི་སྐབས་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་ལུགས་ཟུང་བསམ་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།

ཕྱི་ཚེས་ ༩ ཉིན་བཀའ་བློན་མཆོག་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭ་ཁག་ལ་འཚམས་གཟིགས་དང་དགེ་སློབ་ཡོངས་ལ་གསུང་བཤད་གནང་བ་དང་། དེ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་དང་ཡན་ལག་སྨན་རྩིས་ཁང་བཅས་སུ་འཚམས་གཟིགས་དང་ལས་བྱེད་རྣམས་ལ་གསུང་བཤད་གནང་བ་མ་ཟད། ས་གནས་འཕྲོད་བསྟེན་ཚོགས་ཆུང་མཉམ་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད།

ཕྱོགས་མཚུངས་ཕྱི་ཚེས་ ༡༠ ཉིན་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་མི་མང་རྣམས་ལ་གསུང་བཤད་དང་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་ཅ་ཀུར་གཞིས་གྲོང་གཉིས་ལ་འཚམས་གཟིགས་དང་། དེ་བཞིན་ཀ་རུ་ན་ཕན་བདེ་དགའ་ཚལ་གླིང་དབང་པོ་སྐྱོན་ཆེན་ལྟ་རྟོགས་ཁང་དུ་འཚམས་གཟིགས་དང་འཕྲོད་བསྟེན་འབྲེལ་ཆགས་ལས་གཞི་ཁག་གཅིག་ལ་འཚམས་གཟིགས་སོགས་ལེགས་གྲུབ་རྗེས་ཕྱི་ཚེས་ ༡༡ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་དུ་ཆེད་ཕེབས་གནང་ཡོད་པ་བཅས། །

Share with your friends










Submit