ཟླ་བ་ ༡༠ ཚེས ༧ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ཉིན་གློ་ནད་ཊི་སྦིའི་ཁ་གཏད་དུ་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ཐེངས་གསུམ་པའི་མཇུག་སྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་གཏན་འཁེལ་འདུག  དེ་ཡང་བཀའ་བློན་མཆོག་གིས་ཚེས་ ༩ ནས་ ༡༧ བར་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་ལུགས་བདེ་གཉིས་དང་ཧོན་སུར་རབ་རྒྱས་གླིང་། དབུས་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་བཅས།

Share with your friends










Submit