ཟླ་བ་ ༡༠ ཚེས ༡༠ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨ་རི་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆར་ཊི་བི་ལུམ་ Richard Blum མཆོག་དང་ཁོང་གི་བུ་མོ། ཨ་རིའི་ཧི་མ་ལ་ཡའི་ཐེབས་རྩའི་ Field&Logistic Director སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་དང་ཁོང་གི་བཟའ་ཟླ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་བཅས་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་རི་ཆར་ཊི་བི་ལུམ་མཆོག་གིས་ཕྱི་ལོ་བདུན་ཅུ་དོན་གྲངས་ནས་འགོ་འཛུགས་ཏེ་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་འཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་དགེ་མཚན་སྐོར་དང་། ལོ་དུས་སོ་སོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་བསྒྱུར་བ་ཇི་བྱུང་། བོད་ནང་གི་ཛ་དྲག་གནང་སྟངས་སྤྱི་དང་། དམིགས་བསལ་གྱིས་བོད་ནང་ད་བར་རང་ལུས་མེར་བསྲེགས་ ༡༥༣ ཕུལ་བ་སོགས་ཀྱི་ངོ་སྤྲོད་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །

Share with your friends










Submit