ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཉིན་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ་མཇལ་ཞུར་བཅར་བའི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་འདིའི་སྟེང་སེམས་ཁམས་རིག་པ་དང་ཚད་མ་རིག་པ་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་སྐད་དེ་ཡག་ཤོས་རེད་འདུག ལེགས་སྦྱར་སྐད་ནི་མཁས་པ་འགའ་ཤས་མ་གཏོགས་མེད། ལེགས་སྦྱར་སྐད་ཀྱི་ཚབ་བྱེད་མཁན་དེ་བོད་སྐད་རེད་འདུག
བོད་སྐད་ཡིན་པའི་རྒྱུ་མཚན་དུ་བྱས་ནས་བོད་སྐད་གལ་ཆེན་པོ་རེད་ཟེར་ན་ཞེན་ཁོགས་ཡིན་སྟབས་དེ་ཙམ་རླབས་ཆེན་པོ་མེད། ནཱ་ལེནྜའི་མཁས་དབང་གི་གཞུང་ལེགས་སྦྱར་གཞུང་ནང་བརྩམས་པ་དེ་དག་བོད་སྐད་ནང་བཞིན་འགྲེལ་བཤད་རྒྱག་ཐུབ་མཁན་རྩ་བ་ནས་མེད། ངོས་རང་ལ་ཉམས་མྱོང་ཡོད། ཅེས་བཀའ་སློབ་སྩལ་འདུག