༢༠༡༩ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཟླ་ ༩ ཚེས་ ༢༡ ཕྱེད་ཡོལ་ཙམ་ལ་རྡ་སའི་ཉེ་འགྲམ་ག་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་དིལླཱིར་ཕེབས་ཐོན་གནང་རྒྱུ་དང་། དེ་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༢༡ ཉིན་རྒྱབ་ནས་ཚེས་ ༢༢ བར་དིལླཱིར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ Bharat Tibet Sahyog Manch རྒྱལ་ཡོངས་ཚོགས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཕེབས་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་དིལླཱིའི་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་རྡ་སར་ཕེབས་ཐོན་གནང་རྒྱུ་བཅས།།