ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས། 

 

༄༅། །འདི་ག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་དང་ཉམས་ཞིབ་སྦྱོང་བརྡར་ཁང་དུ་མགྲོན་ཁང་དང་ཚོང་ཁང་གསར་རྒྱག་ཞུས་པ་གཉིས་སྨན་ཆེད་བོད་མི་རྣམས་ལ་གཉིས་མོས་ཆོད་གན་གྱི་ལམ་ནས་བོགས་གཏོང་ཞུ་རྒྱུ་ཡིན་ན་མཐུན་རྐྱེན་དང་དགོས་ངེས་ཆ་རྐྱེན་ཁག་གསལ།

ཀ།      མགྲོན་ཁང།

  • མགྲོན་ཁང་ཆགས་ཡུལ་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང།   དེ་ཡང་གདན་ས་ཆེན་པོ་སེ་ར་ཆོས་སྒར་གྱི་ཉེ་འཁྲིས་སུ་གནས་ཡོད།   མགྲོན་ཁང་གི་བཟོ་བཀོད་དེང་དུས་སྒྱུ་རྩལ་རང་བཞིན་ལྡན་ལ།   རྒྱུ་ཆ་སོགས་ཚད་མཐོའི་སྤུས་ཚད་ལྡན་པའི་བཀོལ་སྤྱོད་ཞུས་ཡོད།
  • མགྲོན་ཁང་གི་དཀྱིལ་དབུས་སྒོ་རའི་མཐའ་སྐོར་ནང་ཁང་ཐོག་ནས་ཉི་འོད་ཁྲ་ལྷམ་མེར་ཤར་ཏེ་ཁོར་ཡུག་ནང་ཉི་མའི་བཀྲག་མདངས་འཕྲོ་བཞིན་ཡོད་པའི་མཐའ་སྐོར་མགྲོན་ཁང་ཁང་མིག་ ༡༩ ཡོད།
  • གོང་གསལ་ཁང་མིག་ནས་རྩེ་ཕུད་ལྡན་པའི་ཁང་པ་ Suit གཉིས་ཡོད་ནང་ཉལ་ཁང་དང་ཚོམས་ཆེན། ཐབ་ཚང་། ཁྲུས་ཁང་དང་གསང་སྤྱོད། གྲང་གློག་ AC བཅས་ཀྱི་མཐུན་རྐྱེན་སོ་སོར་ཡོད་པའི་རྒྱ་ཁྱོན་ནི་ཕི་ཀྲི་གྲུ་བཞི་མ་ ༣༧༠ ཅན་གཉིས་ནས་གཅིག་གཞུང་དོན་ཆེད་འཇོག་རྒྱུ་དང་། གཞན་ཁང་པ་ ༡༧ ནང་ལ་ཉལ་ཁྲི་གཉིས་རེ་དང། ཆ་སྒམ། བརྙན་འཕྲིན། ཞབས་སྟེགས་དང་ཅོག་ཙེ། ཁྲུས་སྟེགས། ཁྲུས་ཁང་དང་གསང་སྤྱོད་རང་འགྲིགས་སྟེང་བར་འཁྱམས་དང།   འཛིན་ཆས་རང་སྒྲིག་ཡོད་པའི་རྒྱ་ཁྱོན་ཕོ་ཀྲི་གྲུ་བཞི་མ་ ༢༢༥ ཡོད།

ཁ།      ཟ་ཁང།

མགྲོན་ཁང་དང་ཟ་ཁང་གཉིས་མཉམ་དུ་སྦྲགས་ཡོད་པའི་ཟ་ཁང་ནང་དུ་སྐུ་མགྲོན་གྲངས་ ༢༤ ཤོང་ཚད་དང་ཟ་ཁང་གི་སྒོ་རྭའི་བར་འཁྱམས་སུ་སྐུ་མགྲོན་ ༢༠ ཤོང་ཚད་དང་ཐབ་ཚང་དེང་དུས་ཀྱི་བཟོ་བཀོད་མཐུན་རྐྱེན་རང་སྒྲིག་ཡོད།

     དགོས་ངེས་ཀྱི་ཆ་རྐྱེན་ཁག་ནི།

         ༡།       དང་བླང་དཔྱ་དངུལ་ལག་དེབ་དུས་ཐོག་ཏུ་བཀང་ཟིན་དགོས།

         ༢།      རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོས་ལག་དེབ་དུས་འགྱངས་ཞུས་ཟིན་པ།

         ༣།      བོགས་གཏོང་རྒྱན་ཁོངས་ནང་ཁྱིམ་ཚང་གཅིག་ནས་ནང་མི་གཅིག་མ་གཏོགས་འཛུལ་ཞུགས་མི་ཆོག

         ༤།       བོགས་གཏོང་མཐོ་ཤོས་ཐོབ་མཁན་ནས་ཉིན་དེ་རང་དུ་ལོ་གཅིག་གི་བོགས་གླའི་འབབ་གཏའ་འཇོག་བྱ་དགོས།

         ༥།       བོགས་མའི་དུས་ཡུན་རིང་ནང་ཤུགས་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག

         ༦།       ཞིབ་ཕྲའི་ཆ་རྐྱེན་གཞན་རྣམས་གཉིས་མོས་གན་ཡིག་གཞིར་བཟུང་རྩ་འཛིན་ལག་བསྟར་བྱ་རྒྱུ།

         ༧།       བོགས་ཕུལ་རྣམས་དངུལ་ཁང་གི་དངུལ་འཛིན་སྟེང་འབུལ་དགོས།

རིན་བསྡུར་ཚོང་བསྒྱུར་ Auction གྱི་ཐོག་མའི་གོང་ཚད་ནི་མགྲོན་ཁང་ཁང་མིག་གྲངས་ ༡༨ ལོ་རེར་འབུམ་ ༣༠ དང་ཟ་ཁང་ལ་འབུམ་ ༣ ནས་འགོ་འཛུགས་ཞུ་རྒྱུ་ཡིན་པས་བོགས་ལེན་ཞུ་བློ་ཡོད་རིགས་ནས་དོ་བདག་རང་ཉིད་ཀྱི་ཞུ་སྙན་ནང་བོགས་རིན་འབུལ་འབབ་གསལ་འཁོད་ཐོག་འབྲེལ་གཏུག་བྱ་ཡུལ་གྱི་ཁ་བྱང་ཁ་གསལ་ཞིག་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་ཕུལ་འབྱོར་ཐུབ་པ་དགོས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ།

ཁ་བྱང་།

Executive Secretary,

Department of Home – CTA

Gangchen Kyishong

Dharamshala – 176215

Distt. Kangra

Himachal Pradesh – India

Email: [email protected]

            [email protected]

Phone: 01892-222412/222214

Share with your friends










Submit