ཟླ་བ་ ༩ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་དང་བཅུ་གཉིས་པའི་དབུས་གཙང་སྤྱི་འཐུས་ཟུར་པ་པདྨ་ཚེ་དབང་ལགས་ཡུན་རིང་མཆིན་པའི་སྙུན་གཞིས་རྐྱེན་པས་ཕྱི་ ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༨ ཉིན་གུང་ཕྱག་ཚོད་ ༡༢།༡༠ ཙམ་ལ་སྦེལ་ཀོབ་གྲོང་གི་སྐུ་སྒེར་བཞུགས་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་སྐུ་འཁོར་ནང་མི་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྣམ་པ་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་དེ་ཉིད་ཀྱི་ཉེ་འབྲེལ་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་སོང་དགོངས་རྒྱ་ཆེ་བཞེས་གནང་བ་དང་འབྲེལ་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་ བཞིན་ཡོད་པ་གཞིར་བཅས། འདི་ནས་ཀྱང་དམ་པ་གང་ཉིད་ཀྱིས་སྤྱི་འཐུས་ཀྱི་ལས་རྒྱུན་རིང་བོད་སྤྱི་པའི་ བསྟན་སྲིད་ཐོག་ཞབས་ཞུ་མཐར་སོན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་ རྒྱལ་བའི་གོང་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། དེ་གའི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་ཡོད།

གསུང་འཕྲིན་ངོ་མ། 

Share with your friends










Submit