ཟླ་བ་ ༩ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ།Image may contain: 3 people, people sitting, table and indoor

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་  ༦།༣༠ ཙམ་ལ་རྙིང་མ་ཐེག་ཆེན་རྣམ་གྲོལ་གླིང་གི་༸་སྐྱབས་རྗེ་གྱང་ཁང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། གཡུང་དྲུང་བོན་གྱི་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ས་སྐྱ་རྫོང་སར་བཤད་གྲྭའི་གདོང་ཚང་ཞབས་དྲུང་རིན་པོ་ཆེ་མཆོག བཀའ་བརྒྱུད་འཛི་སྒར་དགོན་པའི་འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས་འདུག

Image may contain: 4 people, indoor

དེ་ཡང་བླ་སྤྲུལ་རྣམས་བཀའ་ཤག་ཏུ་ཕེབས་འབྱོར་བྱུང་མཚམས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་།  དེ་བཞིན་བོན་པོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། བཀའ་བརྒྱུད་སྤྱི་འཐུས་བླ་མ་ཀུན་དགའ་བསོད་སྟོབས་ལགས། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལུང་རྟོགས་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་སྦྲགས་ཚོགས་ཁང་གི་བཞུགས་བྲལ་དུ་འཁོད་བསྟུན། སྲིད་ཚབ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བར་བརྟེན་རྡ་སར་བཞུགས་མེད་པ་དང་།  ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་། ཤེས་རིག ནང་སྲིད།  བདེ་སྲུང་། འཕྲོད་བསྟེན་བཅས་ལས་ཁུངས་ཁག་གི་བཀའ་བློན་རྣམ་པས་བླ་སྤྲུལ་རྣམ་པར་བཀའ་ཤག་གི་ཚབ་ཞུས་ནས་གསོལ་ཚིགས་འབུལ་ལམ་ཞུ་སྐོར་ཞུས་འདུག  གསོལ་སྟོན་མཛད་སྒོའི་ཐོག་སྲིད་ཚབ་མཆོག་གིས་བླ་སྤྲུལ་རྣམ་པར་བཀའ་ཤག་གི་འཚམས་ཞུའི་མཇལ་དར་དང་ཕྱག་རྟགས་ཕུལ་འདུགImage may contain: 11 people, people smiling, people standing and indoor

སྤྱིར་བླ་ཆེན་རྣམ་པ་བཞུགས་སྒར་དུ་ཕྱི་ཟླ་ ༩ ཚེས་  ༡༣ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་བོད་མིའི་སྤྱི་མཐུན་མཉམ་སྦྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་མཛད་སྒོར་བཅར་བ་ཞིག་ཡིན་འདུག་པ་བཅས། །

Share with your friends










Submit