ཟླ་བ་ ༩ ཚེས ༢༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ ནས་ ༡༨ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་དང་ཨ་རི་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་སློབ་སྟོན་པ་རྣམས་ལ་བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་གཏོང་ཕྱོགས་ཐད་ཟབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་འདུག

དེ་ཡང་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། ཨ་ཤོམ་ལ་སོགས་པའི་ཚལ་ཞིང་རིགས་ལ་ནད་འབུ་ Fall Army Worm ལས་སྐྱོབ་ཐབས་སོགས་ཀྱི་ཐབས་བྱུས་ཁག་ངོ་སྤྲོད་དང་། ཞིང་པའི་འཚོ་བའི་ཁྲོད་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སོགས་ཀྱི་སྐོར་ལ་ཡིན་འདུག  

ལས་རིམ་འདིའི་ནང་རྒྱ་གར་ཨ་ཤོམ་གྱི་ཉམས་ཞིབ་བསྟི་གནས་ཁང་གི་ཞིང་ལས་འབུ་སྲིན་དཔྱད་རིགས་ཀྱི་མཁས་པ་སྐུ་ཞབས་ Dr. Suby S.B, Ag- Entomology ལགས་དང་།  སོ་ནམ་ཁྱད་མཁས་པ་སྐུ་ཞབས་ Dr. S.L Jat, Agronomist ལགས། བསྟི་གནས་ཁང་དེའི་ངེས་སྟོན་པ་ཟུར་པ་ Dr.Sain Das ལགས། ལྡི་ལིའི་གསར་པར་རྟེན་གཞི་བྱས་པའི་  South Asia Biotechnology Centre  ཞེས་པའི་ངེས་སྟོན་པ་ Dr. Bhagirath Choudhary ལགས་བཅས་ཀྱིས་ཟབ་ཁྲིད་གནང་ཡོད། 

སྐབས་དེར་ནང་སྲིད་སོ་ནམ་ཚན་པའི་འགན་འཛིན་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་དང་། འབྲེལ་ཡོད་ལས་བྱེད་སྒྲོལ་མ་ཚེ་རིང་ལགས་ཀྱང་ཕེབས་ཡོད་པ་བཅས། ། 

Share with your friends










Submit