ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ།  

༄༅། །བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཐེངས་ ༥ པ་གཏན་འབེབས་གནང་བའི་ནང་དོན་ཁག་ངོ་སྤྲོད་དང་། ཁྲིམས་ལུགས་རིག་པ་བ་རྣམས་བོད་མིའི་སྒྲིག་འཛུགས་ཁོངས་སྲི་ཞུ་ཞབས་འདེགས་ཞུ་རྒྱུ་སྐུལ་སློང་དང་། སྤྱི་སྒེར་ཁ་མཆུ་ཞུ་གཏུག་ཐོག་ཁྲིམས་རྩོད་པའི་ལས་འགན་ལེན་མཁན་སྐྱེད་སྲིང་ཡོང་ཐབས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་སློབ་གཉེར་བ་དང་། ཁྲིམས་ལུགས་སློབ་ཐོན་ཟིན་པ་མི་གྲངས་ ༢༥ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དགུ་པ་འཚོགས་གཏན་འཁེལ་བ་ལྟར། སྦྱོང་བརྡར་གྱི་ལས་རིམ་རགས་ཟིན་དང་། ཐོ་འགོད་ཞུ་སྒོའི་ཆ་རྐྱེན་ཁག་གཤམ་གསལ།

ཀ༽ སྦྱོང་བརྡར་སློབ་ཚན།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་ཅིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཟབ་འཁྲིད་གནང་རྒྱུྲ།

ཁ༽ ཚོགས་དུས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ ནས་ཟླ་ ༡༢ ཚེས་ ༥ བར་ཉིན་གྲངས་ ༡༠ རིང་།

                  སྔ་དྲོ་ཚོུད་ ༩ པ་ནས་ཚོུད་ ༡༢་༣༠ བར་དང་། ཉིན་རྒྱབ་ཚོུད་ ༡་༣༠ ནས་ཚོུད་ ༥ བར།

ག༽ འཚོགས་ཡུལ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས།

ང༽ སྦྱོང་བརྡར་ལ་འཛུལ་ཞུགས་ཀྱི་ཆ་རྐྱེན།

༡།    ཁྲིམས་ལུགས་སློབ་གཉེར་ཁང་གང་རུང་དུ་ལོ་རིམ་གསུམ་པ་དང་། བཞི་པར་ཁྲིམས་ལུགས་སློབ་གཉེར་བྱེད་བཞིན་པའི་ངོ་སྤྲོད་ལག་ཁྱེར་ཡོད་པའམ།

༢།    ཁྲིམས་ལུགས་སློབ་གཉེར་ཁང་གང་རུང་ནས་ཁྲིམས་ལུགས་སློབ་ཐོན་ཟིན་པའི་ LLB དང་། དེའི་ཡན་གྱི་ལག་ཁྱེར་ཡོད་པ།

༣།    འཛིན་རིམ་བཅུ་གཉིས་ཡན་གྱི་བོད་ཡིག་གི་ཤེས་ཚད་ལྡན་པ།

༤།    བོད་ཀྱི་ཡུལ་མི་ཡིན་པ།

ཅ༽ ཕྱོགས་བསྐྱོད་ལམ་གྲོན་དང་། མཐུན་རྐྱེན་ཁག

༡།    སྦྱོང་བརྡར་གྱི་དུས་ཡུན་རིང་བཞུགས་ཁང་དང་ཞལ་ལག སྦྱོང་བརྡར་གྱི་བར་གསེང་སྐབས་སུ་གསོལ་ཇ་དང་བཞེས་ཏོག་བཅས་ནར་གཏོང་ཡོད།

༢།     སྦྱོང་བརྡར་བ་རྣམས་ཕར་ཚུར་འགྲིམ་འགྲུལ་མེ་འཁོར་དཀྱུས་མ་གྲང་གློག་ཡོད་པའི་ཉལ་ཁྲི་སུམ་རྩེག་ཅན་ (AC Three Tier) དང་། འགྲུལ་འཁོར་ཆེ་བ་ལེགས་ཤོས་ (AC Bus)། གྲོང་ཁྱེར་དང་། ཀུ་ཤལ་ན་གྷར་རླངས་འཁོར་འབབ་ཚུགས་ནས་སྦེལ་ཀོབ་གཞིས་ཆགས་བར་དུ་མི་གཉིས་ཡན་མཉམ་སྡེབ་ཀྱིས་འཁོར་ལོ་གསུམ་ལྡན་ (Auto) ནང་བསྐྱོད་ཆོག

༣།     འགྲུལ་བཞུད་སྐབས་ལམ་བར་ཞག་སྡོད་དགོས་ཚེ། མགྲོན་ཁང་གི་གླ་ཆ་སྒོར་ ༦༠༠ རེ།

༤།      ལམ་བར་ཉིན་རེར་མི་རེ་ལ་ལྟོ་དོད་སྒོར་ ༥༠༠ རེ་འཐོབ་རྒྱུ་དང་། སྦྱོང་བརྡར་ཉིན་གྲངས་ ༡༠ རིང་ཉིན་རེར་ལག་དངུལ་སྒོར་ ༣༠༠ རེ་འཐོབ་རྒྱུ།

ཆ། ཐོ་འགོད།

༡།     སྙན་ཞུ་འབྱོར་སྔ་རྟིང་གིས་སྦྱོང་བརྡར་བ་འདེམས་སྒྲུག་བྱ་རྒྱུ་དང་། གྲངས་བཅད་ཞབས་སྟེགས་ཁེངས་མཚམས་སྙན་ཞུ་ངོས་ལེན་བྱ་རྒྱུ་མིན།

༢།     འཛུལ་ཞུགས་བྱེད་འདོད་ཡོད་མཁན་ནས་ཟུར་སྦྱར་རེའུ་མིག་བསྐངས་ཏེ་འདི་གར་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་གཏོང་དགོས། 

འགེངས་ཤོག་འདིར་གནོན། 

Share with your friends










Submit