ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ། 

༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཡུལ་གྲུ་གང་ས་ནས་འགྲེམས་སྟོན་ལས་རིགས་རྗེས་འབྲེལ་ཚོགས་བཅར་བ་རྣམས་ལ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༧ ཉིན་གསུང་བཤད་གནང་སྐབས། — “ང་ཚོའི་འཛམ་གླིང་འདིར་སྔར་ལྷག་མི་ཕན་ཚུན་གཅིག་གིས་གཅིག་ལ་བདེ་སྡུག་གི་ཚོར་བ་མཉམ་མྱོང་དང་བྱམས་བརྩེའི་འདུ་ཤེས་གོང་སྤེལ་ཆེད།   ཤེས་བྱ་སྤེལ་རེས་ངེས་པར་བྱེད་དགོས་པ་དང་། དེའི་བརྒྱུད་ལམ་འགྲེམས་སྟོན་ཁང་ཡིན།” ཞེས་བསྔགས་བརྗོད་མཛད་ཡོད། ད་རེས་ ༢༠༡༩ ལོའི་ཨེ་ཤི་ཡའི་མངའ་ཁུལ་གྱི་འགྲེམས་སྟོན་ཁང་དང་། ལོ་རྒྱུས་རྗེས་འབྲེལ་གྱི་ལྟེ་གནས། དྲན་ལམ་མདུན་ཁྲིད་པ་སོགས་ཀྱི་སྐུ་ཚབ་ཨེ་ཤི་ཡའི་རྒྱལ་ཁབ་བདུན་ནས་འདུ་འཛོམས་འདིའི་སྐབས་སུ་བརྗོད་གཞི་བྱེ་བྲག་སོ་སོའི་ཐུན་མིན་ཁྱད་ཆོས་རྣམས་མངོན་པར་གསལ་ངེས། རྣམས་དཔྱོད་ཀྱི་ལྟེ་གནས་ཁག་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་ཚོགས་པ་དང་བོད་ཀྱི་འགྲེམས་སྟོན་ཁང་ཐུན་མོང་གིས་མགྲོན་བདག་ཞུས་ཏེ།   ཨེ་ཤི་ཡའི་རྣམ་དཔྱོད་ལྟེ་གནས་ཁག་གི་མངའ་ཁུལ་ཀྱི་ཚོགས་འདུ་འདི་རྡ་རམ་ས་ལར་གོ་སྒྲིག་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༩ ལོའི་མངའ་ཁུལ་ཚོགས་འདུ་འདིར་མི་སེར་སྤེལ་ཡུལ་གྱི་ཤུལ་འཛིན་དང་མིག་མངར་གྱུར་བའི་མི་རིགས་ནང་ཁུལ་དབྱེན་འབྱེད།   རིིགས་རུས་ལ་བརྟེན་པའི་དྲག་སྤྱོད་ཀྱི་རིགས་བྱུང་རྐྱེན་ངོས་འཛིན་དང་། གནས་ཚུལ་སྤེལ་རེས། བསླབ་བྱ་བརྗེ་རེས་བརྒྱུད་དེ། སྐྱོན་ཆ་དེ་དག་ལ་གདོང་ལེན་བྱེད་ཐབས་ལེགས་ཤོས་ཇི་ཡིན་ཤེས་རྟོགས་ཀྱི་གོ་ཡུལ་སྐྲུན་རྒྱུ་ཡིན།   ཚོགས་འདུའི་ཐོག་མཐའ་བར་གསུམ་དུ་ཚོགས་བཅར་བ་རྣམས་ཀྱིས་བོད་མི་ཚོས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གཅེས་འཛིན་ཆེད་འབད་རྩོལ་བྱེད་སྟངས་སྐོར་མཁྱེན་རྟོགས་ཡོང་རྒྱུ་མ་ཟད། མིག་མཐོང་ལག་ཟིན་ཉམས་མྱོང་གི་སྒོ་སྐབས་ཀྱང་ཐོབ་ངེས། དེ་བཞིན་དུ་ཕི་ལི་པིན་དང་། ཁམ་བོ་ཌི་ཡ། ཤྲི་ལངྐ། རྒྱ་གར་ལྟ་བུའི་ཡུལ་གྲུ་འདི་དག་གིས་རྒྱུད་འཛིན་བྱས་པའི་མི་སེར་སྤེལ་གྱི་ཐུན་མོ་མ་ཡིན་པའི་ཤུལ་བཞག་འཚོལ་ཞིབ་དང་གླེང་སློང་གོ་སྐབས་ཀྱང་ཐོབ་ངེས།

བོད་ཀྱི་འགྲེམས་སྟོན་ཁང་དེ་ནི། དབུས་བོད་མི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དང་ཕྱི་འབྲེལ་ལས་ཁུངས་ཀྱི་གཞུང་འབྲེལ་འགྲེམས་སྟོན་ཁང་དེ་རེད་ལ།   ད་ཡོད་འགྲེམས་སྟོན་འདི་མེ་གྷན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པ་དང་།   དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོང་དུ་ཕྱི་ལོ་ ༢༠༢༠ ཐམ་པའི་ལོ་མགོར་སྒོ་དབྱེ་བྱེད་འཆར་གྱི་ཡོད་པ་དེས་གོ་ལ་རྒྱ་ཁྱབ་ཀྱི་མི་སྡེར་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། ད་ལྟའི་དངོས་ཡོད་གནས་སྟངས། ཡུལ་གྱར་བོད་ཀྱི་གནས་ཚུལ་སོགས་ངོ་སྤྲོད་བྱེད་རྒྱུའི་དམིགས་ཡུལ་ཡོད།

ད་རེད་ཀྱི་ཨེ་ཤི་ཡའི་མངའ་ཁུལ་གྱི་རྣམ་དཔྱོད་ལྟེ་གནས་ཁག་གི་ཚོགས་འདུ་འདིར་ནུས་ཙལ་དགོང་སྤེལ་གྱི་ལས་གྲ་དང་། དོན་གནད་གང་རུང་གི་ལས་སྡེ་ཁག ཚོགས་མི་ཚང་འཛོམས་ལྷན་ཚོགས་བཅས་བཀོད་སྒྲིག་གི་ལམ་ནས། མངའ་ཁུལ་ནང་ཕན་ཚུལ་རོགས་རེས་ཡར་རྒྱས་ཆེད་རམ་འདེགས་དང་། “ང་ཚོའི་མཉམ་སྤྱོད་ཀྱི་འགྲུལ་བཞུད།” ཅེས་པའི་མངའ་ཁུལ་མཉམ་ལས་ཀྱི་ཕུགས་བསམ་གྱི་ལས་འཆར་འདི་ཉིད་ཀྱང་འགོ་འཛུགས་བྱ་རྒྱུ་ཡིན། ལས་འཆར་འདིའི་དམིགས་ཡུལ་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནད་དོན་རྒྱས་བཤད་མིན་པར། ལྟེ་གནས་བྱེ་བྲག་པའི་འདས་པའི་དྲན་ལམ་འབུར་འདོན་བྱ་རྒྱུ་ཙམ་མ་ཟད། ང་ཚོའི་མཉམ་སྤྱོད་ཀྱི་ལོ་རྒྱུས་ལ་ཐུན་མོང་གི་གོ་བ་ལེན་ཐབས་བྱས་ཏེ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཇི་ལྟར་མངའ་ཁུལ་དེ་དང་དེར་མི་སེར་སྤེལ་ཡུལ་རིང་ལུགས་མངོན་གྱུར་བྱུང་བ་དང་། མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་ཁག་གིས་ད་ལྟའང་ས་གནས་ཀྱི་ལོ་རྒྱུས་རྣམས་ལ་ཤུགས་རྐྱེན་བྱེད་ཚུལ་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན།

གོ་ལ་རྒྱ་ཁབ་ཏུ་ལེ་ལག་དྲ་སྦྲེལ་ཅན་གྱི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་ཚོགས་པ་འདི་ཁོ་ནས་ལོ་རྒྱུས་གལ་གནད་རང་བཞིན་གྱི་ལྟེ་གནས་དང་། འགྲེམས་སྟོན་ཁག དྲན་ལམ་མདུན་ཁྲིད་པ་བཅས་ལ་འདས་པའི་འཐབ་རྩོད་ལ་གཞི་བཅོལ་ཏེ། ད་རིང་གི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་དྲང་བདེན་གྱི་ལས་འགུལ་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ལ། ད་ལྟའི་ཆར་ཐུན་མོང་མཉམ་འབྲེལ་གྱི་ཚོགས་པ་འདི་ལ་རྒྱལ་ཁབ་ ༦༥ ནས་ཚོགས་མི་གྲངས་ ༢༧༥ ཡོད་པ་རྣམས་ལ་འགྲོ་གྲོན་གནང་སྦྱིན་དང་། འབྲེལ་ལམ་མཐུད་སྦྲེལ། སྦྱོང་བརྡར། ཁྲིམས་དོན་དང་ཁྲིམས་རྩོད་ཞུ་གཏུག་གི་མཐུན་རྐྱེན་སྦྱར་བ་བརྒྱུད་དེ་ནུས་སྟོབས་གོང་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད།   ཨེ་ཤི་ཡའི་མངའ་ཁུལ་གྱི་ལྟེ་གནས་ཕན་ཚུན་དབར་གྱི་འབྲེལ་ལམ་ལ་བརྟེན་ནས།   ཞི་དྲག་གི་བྱུང་བ་གཉིས་ཀར་དྲན་གསོ་དང་འབྲེལ།   མི་རིགས་སྣ་ཚོགས་དང་ཆོས་ལུགས་རྣམ་མཛའ་མཐུན་དང་མང་ཚོ་གོང་སྤེལ་གཏོང་ཐབས།   དེ་མཚུངས་ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་རྒྱལ་མཚམས་མེད་པའི་གྲོས་སྡུར་གཉེར་བ་ལ་བརྟེན་ནས།   རིན་ཐང་འདི་དག་གོང་དུ་སྤེལ་རྒྱུའི་ལས་འགུལ་ནང་གཞོན་སྐྱེས་རྣམས་དངོས་སུ་ཞུགས་རྒྱུའི་བློ་སྟོབས་སྤེལ་བའི་ཆེད་དུ་ཡིན།

ད་དུང་གནས་ཚུལ་མཁྱེན་འདོད་ཡོད་པའམ་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བཅར་འདོད་ཡོད་ན།  

རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་གནས་ཚུལ་འབྲེལ་ལམ་ངེས་སྟོན་པ་ Ashley [email protected] དང་།

རྣམ་དཔྱོད་ཀྱི་ལྟེ་གནས་ཁང་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་གྱི་མངའ་ཁུལ་འགན་འཛིན་ Silvia [email protected] ཡང་ན།  

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་ [email protected] བཅས་ལ་གློག་ཕྲིན་བརྒྱུད་འབྲེལ་བ་གནང་རོགས། 

འབྲེལ་བ་གནང་ཡུལཿ རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་རྒྱལ་སྤྱིའི་ཐུན་མོང་མཉམ་འབྲེལ་ཀྱི་གནས་ཚུལ་འབྲེལ་ལམ་ངེས་སྟོན་པ་ ASHLEY NELSON, [email protected]

“ཕྱིར་དྲན་གྱི་བཀོད་པ་བསྐྱར་སྐྲུནཿ དངོས་རྫས་རག་པ་དང་། བྱུང་རབས་རྒྱས་བཤད། མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུལ་བཞག”

 ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངའ་ཁུལ་ཚོགས་འདུ། ༢༠༡༩

རྒྱ་གར་རྡ་རམ་ས་ལ། – ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ ནས་ ༡༤ བར།

Share with your friends










Submit