ཟླ་བ་ ༨ ཚེས ༡༣ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༣ རེས་གཟའ་མིག་དམར། 

༄༅། །ཡུ་རོབ་ཁུལ་དུ་སྐྱབས་མགོན་༸གོང་མ་ཡབ་སྲས་རྣམ་གཉིས་དབུ་བཞུགས་ཀྱིས་ས་སྐྱའི་སྨོན་ལམ་འཚོགས་འཆར་ལ་ཡི་རང་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། མདོ་སྔགས་རིག་པའི་འབྱུང་གནས་དཔལ་ས་སྐྱ་པའི་ཆོས་བརྒྱུད་འདིའི་གོང་མ་རྣམ་ལྔས་གཙོས་སྐྱེས་ཆེན་རིམ་བྱོན་རྣམས་ཀྱི་སྲོལ་བཟང་མི་ཉམས་རྒྱུན་འཛིན་དགོས་པ་ནི་༸རྒྱལ་བའི་བསྟན་པ་སྤྱི་ལའང་མེད་དུ་མི་རུང་བའི་དང་རྣམ་ཀུན་ནས་ཀླུ་སྒྲུབ་ཐོགས་མེད་སོགས་པན་གྲུབ་བཅུ་བདུན་གྱི་བསྟན་པ་སྤྱི་བཙན་གཞུང་དང་རྒྱུད་སྡེའི་འཆད་ཉན་ཆ་ཚང་བ་དགོས་པ་གནད་དུ་ཆེ། ད་ལམ་ཡུ་རོབ་ཁུལ་དུ་སྨོན་ལམ་འཚོགས་འཆར་དེར་རང་རིགས་བོད་མི་རྣམས་དང་ནང་ཆོས་དོན་གཉེར་བ་རྣམས་མཉམ་ཞུགས་ཀྱིས་གོ་སྐབས་འདི་བརྒྱུད་༸རྒྱལ་བསྟན་སྤྱི་དང་བྱེ་བྱག་ཏུ་བོད་ཀྱི་ནང་བསྟན་ཤེས་ནས་དད་པ་འཐོབ་པར་བྱེད་གལ་དང་། བོད་མི་རྣམས་དང་བོད་ཀྱི་ནང་ཆོས་ལ་བརྩི་བཀུར་ཞུ་མཁན་ཀུན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་སྙིང་པོ་རྣམས་གཏིང་ཟབ་མོར་ཤེས་པ་བྱུང་ན་རང་ཉིད་ཙམ་དུ་མ་ཟད་ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་འདི་ལའང་དགེ་མཚན་ཆེན་པོ་ཡོད་པར་ངེས། མཇུག་མཐར་༸གོང་མ་རིན་པོ་ཆེས་གཙོས་དཔལ་ས་སྐྱ་པའི་བསྟན་འཛིན་རྣམས་སྐུ་ཚེ་ཞབས་པད་བརྟན་པ་དང་། འགྲོ་ཀུན་བདེ་བའི་སྨོན་ལམ་བཅས། །

གསུང་འཕྲིན་ངོ་མ། 

 

Share with your friends










Submit