ཟླ་བ་ ༨ ཚེས ༧ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།

༄༅། །རྒྱ་ནག་གཞུང་གི་བོད་ས་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་འདས་གྲོངས་སུ་འགྱུར་བར་དང་། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཁར། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པར་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རྒྱལ་གཅེས་པ་གྲངས་ ༡༥༣ ནས་སྐུ་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་བའི་དྲན་རྟེན་སླད་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༤ ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་གཏན་འཁེལ་བ་བཅས། །

Share with your friends










Submit