ཟླ་བ་ ༧ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་བརྒྱད་ལ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་ཕུལ་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི།

ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས།

༡༽  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས།

ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༩ ཉིན་དྲུང་གཞོན་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་བོད་གནས་ཉམས་ཞིབ་དུ་ལས་འགན་བཀོད་སྒྲིག་གནང་།   ཕྱི་ལོ་  ༡༩༩༤ ཟླ་ ༤  ཚེས་ ༢༦ ཉིན་ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།  ཕྱི་ལོ་ ༡༩༩༩ ཟླ་ ༢  ཚེས་ ༡༠ ཉིན་ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས།  ཕྱི་ལོ་ ༢༠༠༡  ཟླ་  ༤ ཚེས་ ༣༠ ནས་ཟླ་གྲངས་བརྒྱད་རིང་གཞུང་འབྲེལ་སློབ་བསྐྱོད།  ཕྱི་ལོ་ ༢༠༠༢   ཟླ་ ༡  ཚེས་ ༢ ནས་ཉིན་གྲངས་ ༦༢ རིང་ཕོགས་མེད་དགོངས་ཞུ།  ཕྱི་ལོ་ ༢༠༠༢  ཟླ་ ༧ ཚེས་ ༢༢ ནས་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་།   ཕྱི་ལོ་ ༢༠༠༤  ཟླ་ ༡༢  ཚེས་ ༡༢ ནས་ཕྱི་དྲིལ་ཁྱབ་ཁོངས་རྒྱ་ནག་གི་བཙན་གནོན་འོག་བོད་མི་འབུམ་བཅུ་གཉིས་འདས་གྲོངས་སུ་ཕྱིན་པའི་ཞིབ་འཇུག་ལས་གཞིར་གནས་སྤོས།  ཕྱི་ལོ་ ༢༠༠༧  ཟླ་ ༦   ཚེས་  ༡༡  ནས་དྲུང་འཕར་གནས་རིམ་དུ་གནས་སྤར།   ཕྱི་ལོ་ ༢༠༠༨  ཟླ་ ༩  ཚེས་ ༡ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་སྡེ་ཚན་དུ་གནས་སྤོས་གནང་།   

ཕྱི་ལོ་ ༢༠༡༠  ཟླ་ ༡༠  ཚེས་ ༡༡ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༢  ཚེས་ ༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ཁྲིམས་དྲུང་དུ་གནས་སྤོས་ཀྱིས་ལས་འགན་ཞུ་མུས།

༢༽  བཀའ་དྲུང་ཡིག་ཚང་གི་དྲུང་ལས་ངག་དབང་དགེ་ལེགས་ལགས།

ངག་དབང་དགེ་ལེགས་ལགས།

ཕྱི་ལོ་ ༡༩༩༢  ཟླ་ ༡༠  ཚེས་ ༡༤ ནས་གནས་དགུ་པ་རྒན་དྲུང་གནས་རིམ་དུ་བསྐོ་གཞག་གིས་སྦིར་བོད་ཚོགས་བཟོ་གཞིའི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་།   ཕྱི་ལོ་ ༡༩༩༣ ཟླ་ ༤  ཚེས་ ༡༥ ནས་རྡ་ས་བདེ་དོན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༡༩༩༤  ཟླ་ ༤  ཚེས་ ༡༤ ནས་ལས་བྱེད་ངོ་མར་བསྐོ་གཞག   ཕྱི་ལོ་ ༡༩༩༦ ཟླ་ ༡༠  ཚེས་ ༡༤ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།

ཕྱི་ལོ་ ༡༩༩༨ ཟླ་ ༥  ཚེས་ ༢ ནས་རཇ་སྤུར་བཟོ་གྲྭའི་རྩིས་པར་གནས་སྤོས།   ཕྱི་ལོ་ ༢༠༠༠  ཟླ་ ༢  ཚེས་ ༡  ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་དང་། ཕྱི་ཚེས་ ༢༧ ནས་རཇ་སྤུར་བཟོ་གྲྭའི་འགོ་འཛིན་ལས་ཚབ་དུ་བསྐོ་གཞག   ཕྱི་ལོ་ ༢༠༠༠  ཟླ་ ༦  ཚེས་ ༡༦  ནས་ཤེས་རིག་ལས་ཁུངས་སུ་གནས་སྤོས།    ཕྱི་ལོ་ ༢༠༠༥  ཟླ་ ༣  ཚེས་ ༢  ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།   ཕྱི་ལོ་ ༢༠༠༦  ཟླ་ ༩  ཚེས་ ༡  ཉིན་ནས་ལོ་གཅིག་རིང་གཞུང་འབྲེལ་མིན་པའི་སློབ་བསྐྱོད།  ཕྱི་ལོ་ ༢༠༠༧  ཟླ་ ༧  ཚེས་ ༡༦ ཉིན་ནས་ཤེས་རིག་ལས་ཁུངས་སུ་ལས་འགན་བཀོད་སྒྲིག    ཕྱི་ལོ་ ༢༠༡༠  ཟླ་  ༡༠  ཚེས་ ༡༨ ཉིན་ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།

ཕྱི་ལོ་ ༢༠༡༦ ཟླ་ ༨  ཚེས་ ༡༦ ཉིན་ནས་བཀའ་དྲུང་ཡིག་ཚང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྒེར་དྲུང་དུ་གནས་སྤོས།  ཕྱི་ལོ་ ༢༠༡༨ ཟླ་ ༢  ཚེས་ ༡༩ ཉིན་ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས།

 ༣༽ བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས།

ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས།

ཕྱི་ལོ་ ༡༩༩༣  ཟླ་  ༡༠  ཚེས་  ༡  ནས་དྲུང་ལས་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག   ཕྱི་ལོ་  ༡༩༩༤ཟླ་  ༦  ཚེས་༢༩  ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།

ཕྱི་ལོ་ ༡༩༩༧  ཟླ་  ༥  ཚེས་  ༩ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།  ཕྱི་ལོ་  ༢༠༠༠  ཟླ་ ༩  ཚེས་  ༡  ནས་ཌལ་ཧོར་བཟོ་འགོ་དང་ས་གནས་འགོ་འཛིན་གཅིག་ལྕོགས་སུ་གནས་སྤོས།   ཕྱི་ལོ་ ༢༠༠༢  ཟླ་ ༧  ཚེས་ ༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་དང་འབྲེལ་ནང་སྲིད་ལས་ཁུངས་སུ་གནས་སྤོས།  ཕྱི་ལོ་ ༢༠༠༤ ཟླ་༦  ཚེས་ ༡༠ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས།

ཕྱི་ལོ་ ༢༠༠༦  ཟླ་ ༣  ཚེས་  ༦ ནས་མངོན་དགའ་སློབ་གྲྭའི་འགན་འཛིན་དུ་སྔ་རྗེས་ལོ་བཞི་རིང་ཞབས་གཡར། ཕྱི་ལོ་  ༢༠༡༠  ཟླ་  ༡ ་ཚེས་༢༠ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༤ཟླ་  ༡༠ ཚེས་  ༧ ནས་འཕྲོད་བསྟེན་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་  ༡༢ ནས་དྲུང་ཡིག་ཆེན་མོར་གནས་སྤར་དང་བསྟུན་ལས་འགན་རང་འཇགས།   ཕྱི་ལོ་ ༢༠༠༦ ཟླ་ ༣ ་ཚེས་   ༡༥ ནས་ཆོས་རིག་ལས་ཁུངས་སུ་གནས་སྤོས། 

ཕྱི་ལོ་ ༢༠༡༦   ཟླ་ ༨  ཚེས་ ༡ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༩  ཟླ་  ༤  ཚེས་   ༨ ནས་བཀའ་དྲུང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།

༤༽ བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་རྣམ་རྒྱལ་ལགས།

རྣམ་རྒྱལ་ལགས།

ཕྱི་ལོ་ ༡༩༩༣།༡༠།༠༡ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ཉམས་ཞིབ་ཁང་གི་ཚོད་ལྟའི་ལས་དོར་ལས་འགན་བཀོད་སྒྲིག་གནང་།    ཕྱི་ལོ་ ༡༩༩༤།༡༡།༠༣ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།  ཕྱི་ལོ་ ༡༩༩༩།༠༢།༢༦ ནས་སྡེ་འགན་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས།  ཕྱི་ལོ་ ༢༠༠༠།༡༡།༡༣ ནས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།  ཕྱི་ལོ་ ༢༠༠༧།༠༦།༠༡ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།  ཕྱི་ལོ་ ༢༠༡༤།༠༨།༢༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་ཚན་པར་གནས་སྤོས།  ཕྱི་ལོ་ ༢༠༡༥ ནང་ཟླ་གཉིས་དང་ཕྱེད་ཀའི་རིང་དམིགས་བསལ་ཕོགས་མེད་གུང་སེང་།  བཀའ་དྲུང་ཡིག་ཚང་དུ་གནས་སྤོས།  ཕྱི་ལོ་ ༢༠༡༥།༠༩།༡༥  ནས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།  ཕྱི་ལོ་ ༢༠༡༩།༠༣།༠༡  ནས་ཉིན་གྲངས་ ༢༩ རིང་དམིགས་བསལ་ཕོགས་མེད་གུང་སེང་། ཕྱི་ལོ་ ༢༠༡༩།༠༣།༣༠ ནས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས།

༥༽ ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་སྒྲོལ་མ་ལགས།

ཚེ་རིང་སྒྲོལ་མ་ལགས།

ཕྱི་ལོ་ ༡༩༩༣།༡༠།༠༡ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ལས་དོར་ལས་འགན་བཀོད་སྒྲིག་གནང་།  ཕྱི་ལོ་ ༡༩༩༤།༡༡།༠༧ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།  ཕྱི་ལོ་ ༡༩༩༩།༠༢།༢༧ ནས་སྡེ་འགན་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས།   ཕྱི་ལོ་ ༢༠༠༤།༡༢།༡༦ ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གནས་སྤོས།   ཕྱི་ལོ་ ༢༠༠༧།༠༦།༠༤ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།  ཕྱི་ལོ་ ༢༠༠༨།༠༥།༡༢ ནས་བལ་ཡུལ་ཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས།  ཕྱི་ལོ་ ༢༠༠༨།༡༢།༣༠ ནས་ཟླ་གྲངས་གསུམ་རིང་ཕོགས་མེད་དགོངས་ཞུ།  ཕྱི་ལོ་ ༢༠༠༩།༡༢།༠༡ ཉིན་སྤོག་ར་བཀྲིས་དཔལ་འཁྱིལ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས།  ཕྱི་ལོ་ ༢༠༡༥།༠༧།༡༣ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས།   ཕྱི་ལོ་ ༢༠༡༦།༠༩།༠༡  ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས།   ཕྱི་ལོ་ ༢༠༡༧།༠༦།༠༦  ནས་ཤེས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།

༦༽ བཀའ་དྲུང་ཡིག་ཚང་གི་དྲུང་ལས་ཀོང་ཙ་ལྷ་མོ་ཚེ་རིང་ལགས།

ཀོང་ཙ་ལྷ་མོ་ཚེ་རིང་ལགས།

ཕྱི་ལོ་ ༡༩༩༢།༡༠།༡༩  ནས་གནས་དགུ་པ་རྒན་དྲུང་གནས་རིམ་དུ་བསྐོ་གཞག་གིས་ལས་བྱེད་བདག་གཉེར་ཁང་གི་ཚོད་ལྟའི་རྒན་དྲུང་དུ་ལས་འགན་བཀོད་སྒྲིག་གནང་།  ཕྱི་ལོ་ ༡༩༩༣།༠༩།༠༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།   ཕྱི་ལོ་ ༡༩༩༤།༡༢།༢༡ ནས་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༨།༠༧།༠༡ ནས་བདེ་སྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༠།༠༧།༠༣ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢།༠༢།༡༡  ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༢།༡༢།༡༢ ནང་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༠༤།༠༩།༡ ནས་ལོ་གཅིག་རིང་གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་སེང་། ཕྱི་ལོ་ ༢༠༠༥།༠༩།༠༡ ནས་བཀའ་དྲུང་ཡིག་ཚང་རང་འཇགས་སུ་ལས་འགན་བཀོད་སྒྲིག   ཕྱི་ལོ་  ༢༠༠༨།༠༢།༡༣ ནས་ཉིན་གྲངས་ ༡༠ རིང་དམིགས་བསལ་ཕོགས་མེད་གུང་སེང་།  ཕྱི་ལོ་ ༢༠༠༨།༠༦།༠༥ ནས་སྡེ་འགན་གནས་རིམ་དུ་གནས་སྤར་དང་བསྟུན་ལས་འགན་རང་འཇགས།  ཕྱི་ལོ་ ༢༠༠༩།༠༢།༡༥ ནས་ཉིན་གྲངས་ ༡༠ རིང་དམིགས་བསལ་ཕོགས་མེད་གུང་སེང་། ཕྱི་ལོ་ ༢༠༡༠།༠༣།༠༤ ནས་ཉིན་གྲངས་ ༥༠ རིང་དམིགས་བསལ་ཕོགས་མེད་གུང་སེང་།  ཕྱི་ལོ་ ༢༠༡༡།༡༢།༢༦ ནས་ཉིན་གྲངས་ ༢༦ རིང་དམིགས་བསལ་ཕོགས་མེད་གུང་སེང་།  ཕྱི་ལོ་ ༢༠༡༣།༠༢།༡༦ ནས་ཉིན་གྲངས་ ༧ རིང་དམིགས་བསལ་ཕོགས་མེད་གུང་སེང་།  ཕྱི་ལོ་ ༢༠༡༤།༠༩།༡༢ ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༥།༠༦།༠༥  ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱི་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།  ཕྱི་ལོ་ ༢༠༡༦།༠༢།༠༡ ནས་ཉིན་གྲངས་ ༢༦ རིང་དམིགས་བསལ་ཕོགས་མེད་གུང་སེང་།  ཕྱི་ལོ་ ༢༠༡༨།༡༢།༢༩  ནས་ཉིན་གྲངས་ ༢༨ རིང་དམིགས་བསལ་ཕོགས་མེད་གུང་སེང་། ཕྱི་ལོ་ ༢༠༡༨།༠༡།༢༦ ནས་ལས་བཅར་ཞུས་སྟེ་བཀའ་དྲུང་ཡིག་ཚང་དུ་ཞབས་འདེགས་ཞུ་མུས།

༧༽ ཀུམ་རའོ་ས་གནས་འགོ་འཛིན་དྲུང་ལས་ཐུབ་བསྟན་ཆོས་འཕེལ་ལགས།

ཐུབ་བསྟན་ཆོས་འཕེལ་ལགས།

ཕྱི་ལོ་ ༡༩༩༣།༠༩།༡༦ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་ལས་དོར་བསྐོ་གཞག་གིས་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༤།༠༧།༠༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༥།༠༢།༡༣ ནས་སྡེ་འགན་གནས་རིམ་དུ་ཡིག་རྒྱུགས་འཕྲོད་དེ་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༥།༡༡།༢༢ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་  ༢༠༠༡།༠༥།༠༡  ནས་ཆོས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༤།༡༢།༡༦ ནས་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༧།༠༥།༢༣ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་བཀྲིས་གླིང་དང་ནུབ་རི། རྩུམ། མ་ནང་སོགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༧།༠༥།༢༣ ནས་སྤོག་ར་གློ་སྒྲིག་བྱམས་དཔལ་བཀྲ་སྒང་གསུམ་གྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ ༢༠༡༢།༠༥།༡༥  ནས་སྤོག་ར་གློ་སྒྲིག་བྱམས་དཔལ་བཀྲ་སྒང་གསུམ་གྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤།༠༨།༡༨ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་དུ་བསྐོ་གཞག   ཕྱི་ལོ་ ༢༠༡༥།༡༢།༠༡ ནས་བར་བརྒལ་ལས་བཀོད་ཚན་པར་གནས་སྤོས།    ཕྱི་ལོ་ ༢༠༡༨།༠༡།༢༢ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས།  ཕྱི་ལོ་  ༢༠༡༩།༠༡།༢༣ ནས་ཀུམ་རོའོ་ས་གནས་འགོ་འཛིན་དུ་གནས་སྤོས་ཐོག་ཞབས་འདེགས་ཞུ་མུས།

༨༽ བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ལས་གནམ་རི་ཚེ་བརྟན་ལྷ་མོ་ལགས།

གནམ་རི་ཚེ་བརྟན་ལྷ་མོ་ལགས།

ཕྱི་ལོ་ ༡༩༩༣།༡༠།༠༡ ནས་ལས་དོའི་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་ཁྲིམས་ཞིབ་ཁང་གི་ལས་དོར་ལས་འགན་བཀོད་སྒྲིག་གནང་།  ཕྱི་ལོ་ ༡༩༩༤།༡༡།༠༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།  ཕྱི་ལོ་  ༡༩༩༥།༠༨།༡༦ ནས་ཀོ་ལི་གྷལ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས།  ཕྱི་ལོ་  ༡༩༩༥།༡༡།༢༢ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་  ༡༩༩༧།༠༣།༠༦ ནས་ཤེས་རིག་ལས་ཁུངས་སུ་གནས་སྤོས།  ཕྱི་ལོ་ ༡༩༩༩།༠༡།༡༦  ནས་ཟླ་དྲུག་རིང་སློབ་བསྐྱོད་དགོངས་འཁྲོལ། ཕྱི་ལོ་  ༡༩༩༩།༠༩།༠༡ ནང་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་  ༢༠༠༤།༡༢།༣༡ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦།༠༡།༢༣  ནས་སྡེ་འགན་གནས་རིམ་དུ་གནས་སྤར།  ཕྱི་ལོ་ ༢༠༡༢།༠༥།༠༡ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་  ༢༠༡༦།༠༢།༠༡ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་དུ་གནས་སྤོས་ཀྱིས་ལས་འགན་ཞུ་མུས་ཡིན་པ་བཅས། །

Share with your friends










Submit