Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༥ ཉིན་སྦེང་ལོར་ St. Philomena Nursing College ཞེས་པའི་སྨན་ཞབས་མཐོ་སློབ་ནང་ B.Sc Nursing ལོ་རིམ་གཉིས་པའི་ཐོག་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་ངག་དབང་སྒྲོལ་མ་ལགས་ཀྱིས་རྩེ་ཕུད་ཨང་དང་པོའི་གསེར་གྱི་གཟེངས་རྟགས་ཐོབ་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དགའ་བསུ་དང་འབྲེལ།  མ་འོངས་ཤེས་ཡོན་སློབ་སྦྱོང་མུ་མཐུད་ལམ་ལྷོངས་ཡོང་བའི་འཚམས་འདྲི་གནང་དོན། ང་ཚོའི་སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་གནང་བཞིན་པ་མ་ཟད་སློབ་ཕྲུག་གཞན་གྱི་ནང་ནས་ཀྱང་རྩེར་སོན་བྱུང་བའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་དགའ་སྤོབས་བྱུང་།  ཁྱེད་ཀྱི་གྲུབ་འབྲས་བཟང་པོ་དེས་བོད་རིགས་སློབ་མ་གཞན་རྣམས་ལའང་མིག་དཔེ་བཟང་པོ་ཞིག་བསྐྲུན་ངེས་རེད། ཅེས་འཁོད་འདུག

སྤྱིར་ངག་དབང་སྒྲོལ་མ་ལགས་ནི། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་ཡིན་ཞིང་། མ་སུ་རི་གཏན་སློབ་ནས་སློབ་མཐར་ཕྱིན་རྗེས་སྨན་ཞབས་པའི་སློབ་སྦྱོང་གནང་བཞིན་ཡོད། ཁོ་མོ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ Vimala Association ནས་སློབ་ཡོན་ཐོབ་མཁན་གྲས་ཤིག་ཡིན་འདུག་པ་བཅས། །

 

Share with your friends










Submit