ཟླ་བ་ ༧ ཚེས ༡༨ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ ནས་ཕྱི་ཟླ་ ༨ ཚེས་ ༥ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་རྒྱལ་ས་ཤྲི་ན་གར་ Srinagar དང་། ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡༩ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་།  ཕྱི་ཚེས་ ༢༠ ཉིན་ཤྲི་ན་གར་ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༢༡ ནས་ ༢༢ བར་ཉིན་གཉིས་རིང་ས་གནས་སུ་མཛད་འཆར་དང་། ཕྱི་ཚེས་ ༢༣ ནས་ཕྱི་ཟླ་ ༨ ཚེས་ ༤ བར་ལ་དྭགས་སླེ་བྱང་ཁུལ་དུ་མཛད་འཆར། ཕྱི་ཚེས་ ༥ ཉིན་སྤྱི་འཐུས་རྣམ་པ་གཉིས་ལ་དྭགས་སླེ་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit