ཟླ་བ་ ༧ ཚེས ༢༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་  ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ UN NOVUS Summit ཞེས་པའི་ཚོགས་ཆེན་དུ་བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་གཏོད་ United Nations Innovative Disruptor Award  གཟེངས་རྟགས་གནང་འདུག    

དེ་ཡང་གཟེངས་རྟགས་དེ་ནི་སྤྱི་ཚོགས་ནང་གསར་གཏོད་ཀྱི་ལས་འགུལ་འདྲ་མིན་སྤེལ་བ་བརྒྱུད་གཞན་ལའང་སེམས་འགུལ་གཏོང་མཁན་ཚོར་གཟེངས་རྟགས་འདི་བཞིན་གནང་བཞིན་ཡོད།

 བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་འཛམ་གླིང་ནང་སྐྱབས་བཅོལ་གྱི་གནས་སྟངས་སྐོར་དང་ཁོར་ཡུག་རིང་ལུགས་ཀྱི་ལས་དོན་ཐོག་བྱས་རྗེས་ལ་ངོས་འཛིན་དང་འབྲེལ། གཟེངས་རྟགས་དེ་བཞིན་གནང་བ་ཞིིག་ཡིན་འདུག  སྐབས་དེར་ཨ་རི་དོན་གཅོད་དངོས་གྲུབ་ཚེེ་རིང་ལགས་ཚོགས་ཆེན་དུ་མཉམ་ཞུགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་འཚམས་འདྲི་དང་སྦྲགས། བོད་མི་ཞིག་ལ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཆེ་མཐོང་ཐོབ་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་རེད། ཅེས་གསུངས། 

Share with your friends










Submit