གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུ།

༄༅། །རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མ་ནི་པལ་མཐོ་སློབ་ Sikkim Manipal University ནས་གཙུག་ལག་རབ་འབྱམས་ཚོང་དོན་རིག་པའི་ཐོག་བརྒྱ་ཆ་ ༩༡ ལོན་པའི་བོད་པའི་བུ་མོ་བདེ་སྐྱིད་ལགས་ལ་གསེར་གྱི་གཟེངས་རྟགས་ཐོབ་འདུག

དེ་ཡང་ལོ་སྔ་མར་མཐོ་སློབ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་པའི་བུ་མོ་བདེ་སྐྱིད་ལགས་ལ་གསེར་གྱི་གཟེངས་རྟགས་དེ་གནང་ཡོད་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཁོང་མོར་འཚམས་འདྲི་དང་འབྲེལ་ཡིག་རྒྱུགས་གྲུབ་འབྲས་བཟང་པོ་འདིས་རང་ཉིད་ཀྱི་མདུན་ལམ་བཟང་པོ་བསྐྲུན་ཐུབ་པ་མ་ཟད། འབྱུང་འགྱུར་རང་རེའི་སྤྱི་ཚོགས་ལའང་ཞབས་འདེགས་ཞུ་ཐུབ་རྒྱུའི་ཐུགས་རེ་གནང་འདུག

སྤྱིར་བདེ་སྐྱིད་ལགས་ནི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། མ་སུ་རི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་རོགས་སྐྱོར་འོག་འདས་པའི་ལོ་དྲུག་ལྷག་ནས་ཚོང་དོན་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་དང་། དེ་རྗེས་གཙུག་ལག་རབ་འབྱམས། ད་ཆ་དགེ་རྒན་འོས་སྦྱོང་ཐོག་སློབ་སྦྱོང་གནང་བཞིན་ཡོད་འདུག་པ་བཅས། །

Share with your friends










Submit