ཟླ་བ་ ༧ ཚེས ༩ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར། 

༄༅། །བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན།   དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་བལ་ཡུལ་ཨེས་ཨོ་ཨེས་སློབ་གྲྭའི་བོད་དགེ་ཨོ་རྒྱན་ཟླ་བ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༡༧ ཉིན་བལ་ཡུལ་སྤོག་ར་བཀྲིས་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༣ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་བསོད་ནམས་བཟང་པོ་ལགས་དང་། ཚོགས་གཞོན་ཀརྨ་བསོད་ནམས་ལགས་བཅས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །

 

 

 

Share with your friends










Submit