ཟླ་བ་ ༧ ཚེས ༡༠ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །འདི་གར་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཕྱི་ཚེས་ ༨ ཉིན་རྒྱབ་རྒྱ་གར་ནུབ་སྦང་གལ་མངའ་སྡེའི་གྲོང་ཁྱེར་སི་ལི་གུ་རི་སྦག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་རྡོར་གླིང་ས་གནས་འགོ་འཛིན་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག 

ཕྱི་ཚེས་ ༩ སྔ་དྲོ་རྡོར་གླིང་ཉེ་འཁོར་སུ་ཀེ་ས་གནས་ཀྱི་ཀིརྟི་དགོན་པའི་ཡན་ལག་དགོན་པ་དང་། བཀའ་བརྒྱུད་དགོན་པ། བརྫི་སྒར་དགོན་པ། གུ་རུ་ས་སྐྱ་དགོན་པ། ཡིད་དགའ་ཆོས་གླིང་དགོན་པ། འབྲུག་གསང་སྔགས་ཆོས་གླིང་དགོན་བཅས་སུ་འཚམས་གཟིགས་གནང་།

གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་རྡོར་གླིང་གཏན་སློབ་ཀྱི་ཚོགས་ཁང་ནང་ཚོགས་པ་ཁག་གི་སྐུ་ཚབ་དང་། མི་མང་། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་འདུ་འཛོམས་ཐོག་བཀའ་བློན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱ་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་དོན་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས་མི་མང་གི་དྲི་བ་ཁག་ལ་གསལ་བཤད་གནང་ཡོད་པ་བཅས། །

Share with your friends










Submit