ཟླ་བ་ ༧ ཚེས ༡༧ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་འདི་ཟླའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཚོུད་ ༧ ཐོག་སྒང་ཏོག་ནས་ཕེབས་ཐོན་གྱིས་ཆུ་ཚོད་ ༩།༣༠ ཙམ་ལ་༧སོག་གཡུང་དྲུང་གླིང་དགོན་དུ་འཚམས་གཟིགས་གནང་། 

དེ་ནས་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས། 

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་མཉམ་འབྲེལ་ཚོགས་ཁང་དུ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། མཉམ་འབྲེལ་འགན་འཛིན། ས་གནས་རང་བདེན་ཚོགས་གཙོ། མི་མང་བཅས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག་བདེ་སྲུང་བཀའ་བློན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བདེ་སྲུང་ལས་ཁུངས་ཀྱི་སྤྱི་ཡོངས་ལས་དོན་ཁག དེ་བཞིན་བོད་ནང་དུ་བོད་མིའི་ཆོས་དང་། རིག་གཞུང་། ཁོར་ཡུག་བཅས་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་བཅས་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་རྗེས་མི་མང་གི་འདྲི་བ་ཁག་ལ་ལེན་འདེབས་གནང་། 

ཆུ་ཚོད་ ༣ ཐོག་གླེ་ལུང་ཆོས་སྡེ་དགོན་དང་། ས་གནས་གཞིས་ཆགས་དགོན། གཡུང་དྲུང་ཀུན་གྲགས་གླིང་བོན་དགོན། ར་ལང་བཙུན་དགོན་བཅས་སུ་འཚམས་གཟིགས་གནང་།

ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༩ པའི་ཐོག་ས་གནས་འགོ་འཛིན་ལས་ཁུངས་དུ་འཚམས་གཟིགས་གནང་། དེ་ནས་ཆུ་ཚོད་ ༩།༣༠ ཐོག་སཾ་བྷོ་ཌ་ཉིན་སློབ་དུ་ཕེབས་འབྱོར་སྐབས་དགེ་ཆེ་དབུས་དགེ་རྒན་དང་སློབ་ཕྲུག་བཅས་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་རྗེས་སློབ་གྲྭའི་མཛད་སྒོའི་ཐོག་དགེ་ཆེ་མིག་དམར་དོན་གྲུབ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས། 

དེ་རྗེས་བཀའ་བློན་མཆོག་གིས་སློབ་མ་རྣམས་ལ་འཚམས་འདྲི་དང་ཡ་རབས་བཟང་སྤྱོད་དགོས་པའི་སྐོར་གསུང་བཤད་གནང་གྲུབ་མཚམས་ས་གནས་འགོ་འཛིན་དང་དགེ་རྒན་མཉམ་ཟུར་དུ་ལྷན་འཛོམས་ཀྱིས་སློབ་གྲྭའི་གནས་སྟངས་སྙན་སེང་ཞུས་རྗེས་ཕེབས་ཐོན་གནང་།

ཉིན་རྒྱབ་ཚོུད་ ༡།༣༠ ཐོག་གཞིས་ཆགས་ནས་ཕེབས་ཐོན་གྱིས་ར་ལང་དཔལ་ཆེན་ཆོས་གླིང་དགོན་དུ་འཚམས་གཟིགས་ཕེབས་སྐབས་དགོན་པའི་ལས་སྣེ་རྣམས་ཀྱི་ཕེབས་བསུའི་སྣེ་ལེན་ཞུས་གནང་། དེ་ནས་༧རྒྱལ་ཚབ་རིན་པོ་ཆེ་མཆོག་ཟུར་མཇལ་ཞུས་རྗེས་དགོན་པར་གནས་གཟིགས་གནང་ཏེ་དགོང་དྲོ་ཚོུད་ ༥ ཙམ་ལ་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ར་སྦང་ཀུན་ཕན་གླིང་གཞིས་ཀྱི་འཚམས་གཟིགས་ལེགས་གྲུབ་བྱུང་བ་བཅས་། 

Share with your friends










Submit