ཟླ་བ་ ༧ ཚེས ༡༥ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༢ ཉིན་ཀུ་རུཀ་ཤེཏ་ར་ Kurukshetra གཙུག་ལག་སློབ་གྲྭ་ཆེན་པོའི་སློབ་དཔོན་ཏེ་ཇིན་ཏར་ཤར་མ་ Prof.Tejinder Sharma ལགས་གཙོས་ཧི་མཱ་ཅལ་གཙུག་ལག་སློབ་གྲྭ་ཆེན་པོའི་སློབ་དཔོན་མ་ནོཇ་ཤར་མ་ Dr. Manoj Sharma  ལགས་དང་།  ཝི་ཤལ་ནེ་རི་ཡ་  Dr. Vishal Nehria ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་རྣམས་ལ་སྣེ་ལེན་མཛལ་འཕྲད་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་ད་ལྟའི་བོད་ནང་གི་གནས་སྟངས་དང་གཉིས་སྨན་དབུ་མའི་ལམ་སོགས་སྐོར་ངོ་སྤྲོད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་པར་སྐྲུན་གནང་བའི་ཕྱག་དེབ་ཁག་གཅིག་ཕུལ་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་མཐོ་སློབ་ཁག་དུ་གོ་སྒྲིག་ཞུ་གནང་བའི་མཁས་པའི་བགྲོ་གླེང་སྐོར་དང་མ་འོངས་པར་ཁོང་རྣམ་པའི་མཐོ་སློབ་ཏུ་ཡང་དེ་ལྟ་བུའི་བགྲོ་གླེང་གོ་སྒྲིག་ཞུ་ཐུབ་ན་ལེགས་སྐོར་ལམ་སྟོན་གནང་བར་དེ་ལ་ཁོང་རྣམས་ཀྱིས་མོས་མཐུན་དང་བསྔགས་བརྫོད་ཞུ་གནང་སོང་། དེ་ནས་ཁོང་རྣམས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་དོན་སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་མཐོ་སློབ་སློབ་ཕྲུག་ཁག་ལའང་བོད་དོན་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན་པའི་ཁས་ལེན་ཞུས་གནང་སྟེ་མཐར་གྲོས་ཚོགས་ཚོགས་ཁང་ལ་ཕེབས་པ་བཅས། །

Share with your friends










Submit