ཟླ་བ་ ༦ ཚེས ༡༢ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༢ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་འདུག དེ་ཡང་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ཚོགས་ཁང་Indian International Centre ཆེན་མོའི་ནང་དུ། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ཚོགས་ཆེན་ཐོག་དབུ་བཞུགས་མཛད་གཏན་འཁེལ་འདུག ལྷན་ཚོགས་དེ་བཞིན་ཏཱ་ལའི་བླ་མའི་དྲ་རྒྱ་ dalailama.com.  བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་འདུག 

 

Share with your friends










Submit