ཟླ་བ་ ༦ ཚེས ༢༦ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་སྡེ་ཚན་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་གྱི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ སྟེང་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ།  འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ནང་མནར་གཅོད་བཏང་དང་གཏོང་བཞིན་པའི་པར་རིས་འགྲེམས་སྟོན་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་ཁྱོན་སློབ་མ་གྲངས་ ༣༥ ཙམ་མཉམ་ཞུགས་ཀྱིས་ཉིན་མོ་དང་འབྲེལ་བའི་རི་མོ་འགྲན་བསྡུར་གནང་འདུག 

དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་གྲགས་ལགས་ཀྱིས་ལས་རིམ་འདི་བཞིན་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་ཆབ་སྲིད་བཙོན་པ་སོགས་གྲངས་ལས་འདས་པ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་མ་འོངས་བོད་ཀྱི་སོན་རྩ་དང་མི་རབས་གསར་པ་རྣམས་ལ་བོད་ཀྱི་ལོ་རྒྱུས་གོ་རྟོགས་སྤེལ་ཆེད་ཡིན་པ་དང་། རྒྱ་ནག་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ཆབ་སྲིད་བཙོན་པ་དང་། བཙོན་ཟུར་རྣམས་ནས་མནར་གཅོད་མྱངས་དང་མྱོང་བཞིན་པའི་གནས་སྟངས་དེ་དག་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་མནར་གཅོད་མྱངས་པའི་བོད་མི་དེ་དག་ལ་དྲན་གསོ་དང་།  ཁོང་རྣམ་པའི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས།  གདུང་སེམས་མཉམ་སྐྱེ་ཞུ་སླད་ཡིན་པ་མ་ཟད། ལྷག་དོན་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ལ་འཚོ་སྣོན་དང་རིན་མེད་གསོལ་སྨན་འབུལ་བཞིན་སྐོར་སོགས་གསུང་། །

 

 

 

Share with your friends










Submit